www.dharmabook.ru tibetan OCR



རང་བ་དང་། ཆོས་ཟབ་མོ་མངོན་པར་འདོད་པ་དང་། སེམས་ཅན་གྱི་དོན་
བྱེད་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙོད་པ་ཞེས་བྱ་བ་དེ་
དག་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བ་
ལ་འབྱུང་ཞིང་འཐོབ་པས་
ཡོན་ཏན་བཅུ་བཞི་ཡིན་ནོ།
དེའི་འོག་ཏུ་ཡང་གང་ཞིག་ཡོངས་སུ་སྤངས་པས་སྤྱོར་བ་རྣམས་བསྒོམ་པར་
བྱ་བ་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་གང་དག་ཅིག་ཡིན་ཞེ་ན།
དེ་དག་གི་་་་
བར་ཆད་དུ་འགྱུར་བའི་
སྐྱོན། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། དྲུག་ཏུ་
ངེས་པར་རྟོགས་པར་བྱ།
ཞེས་བྱ་བ་གསུངས་ཏེ། ཚེགས་ཆེན་པོས་འཐོབ་པ་
ད་ང་།
སྤོབས་པ་ཧ་ཅང་མྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དང་།
སེམས་ཀྱི་གནས་ངན་ལེན་ད་ང་། རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་དོན་[༡]
བྱེད་པ་ལ་སོགས་པ་དང་།
ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དང་།
རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་།
རྣམ་པ་ཐམས་ཅད་དུ་ཐོག་པའི་མཆོག་ཀུན་དུ་འཛིན་པ་ཉམས་པ་དང་། རྟག་ཏུ་
ཆེད་དུ་བྱ་བ་ཉམས་པ་ཞེས་བྱ་བ་ནི་བཅུ་ཚན་
དང་པོའོ། རྒྱུ་ད་ང་འབྲས་བུ་
འབྲེལ་པ་ཉམས་པ་དང་།
གོང་ན་མེད་པ་ཉམས་པ་དང་། ཡུལ་རྣམ་པ་མང་
པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་དང་།
ཡི་གེར་འདྲི་བ་ལ་མངོན་
པར་ཞེན་པ་དང་།
དངོས་པོ་མེད་པ་ལ[༢]མངོན་པར་ཞེན་པ་དང་། ཡི་གེ་ལ་
མངོན་པར་ཞེན་པ་དང་།
ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང་། [༢]ིཡུལ་
ལ་སོགས་པ་ཡིད་ལ་བྱེད་པ་དང་།
རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་
པའི་རོ་མྱང་བ་དང་།
ལམ་མ་ཡིན་པས་ཐབས་ལ་མཁས་པ་ཚོལ་བ་ཞེས་བྱ་བ་ནི་
62---280

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*