www.dharmabook.ru tibetan OCR



བ་ལས་ཡང་དག་པར་འདས་པ་དང་། འཕགས་པའི་གང་ཟག་ཐམས་ཅད་སྡུད་
པ་ད་ང་།
སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་དང་། ཉན་ཐོས་ལ་སོགས་
པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པ་དང་།
རང་གི་ལུགས་ལ[༡]
ལྟོས་པའི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བའི་ཤེས་པ་ད་ང་།
ཀུན་རྫོབ་དང་དོན་
དམ་པའི་བདེན་པ་ལ་བརྟེན་པའི་ཆོས་ཐམས་ཅད་
བྲི་བ་མེད་པ་དང་། གང་བ་
མེད་པའི་ངོ་བོ་ད་ང་།
འཁོར་གསུམ་རྣམ་པར་ད་ག་པས་སྦྱིན་པ་ལ་སོགས་པའི་ཕ་
རོལ་ཏུ་ཕྱིན་པ་དྲུག་ཏུ་རབ་ཏུ་སྒྲུབ་[༢]པ་དང་།
ཡང་དག་པའི་སྦྱོར་བས་[༢]བསྐལ་པ་
དུ་མར་བསྒྲུབས་པའི་བསོད་ནམས་ད་ང་ཡེ་ཤེས་ཡང་དག་པར་འགྲུབ་པ་དང་།

ནམ་པར་མི་རྟོག་པར་ཆོས་ཐམས་ཅད་ལ་དམིགས་པ་ད་ང་། ཆོས་ཀྱི་དབྱིངས་ཀྱི་ངོ་
བོ་ཉིད་བྱང་ཆུབ་སེམས་དཔའི་རྟེན་དང་།
སྨོན་ལམ་ལ་སོགས་པའི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ༐
རྫོགས་པའི་རྒྱུའི་[༤]ཚོགས་པ་དང་། དགེ་བའི་བཤེས་གཉེན་
གྱིས་[༢]ཐབས་ཀྱིས་ཡོངས་སུ་བཟུང་བ་དང་།
མངོན་པར་ཞེན་པའི་རོ་མྱང་བ་
མེད་པ་དང་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་ནི།
གོ་རིམས་བཞིན་དུ་སྡུག་
བསྔལ་ལ་སོགས་པའི་བདེན་པའི་སྐད་ཅིག་མ་རྣམས་ཀྱི་ཁྱད་པར་ཡིན་ཏེ།
གང་
གིས་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་བྱང་ཆུབ་སེམས་དཔའ་
ལ་སོགས་
པའི་ལམ་ཤེས་པ་ཉིད་ལ་སོགས་པ་གཉིས་ནི།
ཁྱད་པར་གྱི་ལམ་ཡིན་པར་ཁྱད་
ཞུགས་ས་སོ།
དེའི་ཕྱིར་དེ་དག་གི་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་
མངོན་པར་ཞེན་པ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཀྱིས་གོ་སླ་བའི་ཕྱིར་མ་བཤད་ད་དོ།

ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་[༦]པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན།
བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱེད་པའི་མཚན་ཉིད། ཕན་ད་ང་
བདེ་དང་སྐྱོབ་པ་དང་།
མི་རྣམས་ཀྱི་ནི་སྐྱབས་དག་དང་། གནས་དང་
52---286

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*