www.dharmabook.ru tibetan OCR



མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་དེ་ལྟར་ན་བཞི་པ་ངོ་བོ་ཉིད་ཀྱི་
མཚན་ཉིད་དུ་བཞེད་དོ།
དེ་ལྟར་ན་སྤྱིར་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་
དགུ་བཅུ་རྩ་གཅིག་ཏུ་འགྱུར་ར་རོ།

ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ད་ང་ལྡན་པ་ཁོ་ན་ལ་ཇི་སྐད་་་་
བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས།
ཐར་པའི་ཆ་དང་མཐུན་པ།
མཚན་མེད་རབ་ཏུ་སྦྱིན་ལ་སོགས། ཡང་དག་སྒྲུབ་ལ་མཁས་པ་ནི། རྣམ་པ་
ཐམས་ཅད་རྟོགས་འདི་ལ།
ཐར་པའི་ཆ་དང་མཐུན་པར་འདོད། ཅེས་བྱ་བ་
གསུངས་ཏེ།
མཚན་མ་མེད་པར། དམིགས་པའི་ཤེས་པའི་རྣམ་པས། སྦྱིན་
པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་
པ་རྣམས་
རང་གི་རྒྱུད་ལ་སྐྱེད[༡]་པར་མཁས་པ་ནི། རྣམ་པ་ཐམས་ཅད་མངོན་་་་
པར་རྫོགས་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་ད་དོ།

མཁས་པ་དེ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་
པ༑
སངས་རྒྱས་སོགས་དམིགས་དད་པ་དང་། སྦྲིན་སོགས་སྤྱོད་ཡུལ་བརྩོན་
འགྲུས་ད་ང་།
བསམ་པ་ཕུན་ཚོགས་དྲན་པ་ད་ང་། རྣམ་པར་མི་རྟོག་ཏིང་
འཛིན་དང་།
ཆོས་རྣམས་རྣམ་པ་ཐམས་ཅད་དུ། ཤེས་པའི་ཤེས་རབ་དང་
རྣམ་ལྔ།
རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། རྟོགས་སླ་རྟུལ་པོས་རྟོགས་་
དཀར་བ་ཞེད།
ཅེས་བྱ་བ་གསུངས་ཏེ། དད་པ་དང་། བརྩོན་འགྲུས་དང་།
དྲན་པ་ད་ང་། ཏིང་ངེ་འཛིན་དང་། ཤེས་རབ་ཁྱད་པར་ཅན། ད་བང་པོའི་
ངོ་བོ་ཉིད་མ་ཡིན་པ་གྲངས་བཞིན་དུ།
སངས་རྒྱས་དང་། སྦྱིན་པ་དང་།
བསམ་པ་ཕུན་སུམ་ཚོགས་པ་དང་། རྣམ་པར་མི་རྟོག[༢]་པ་དང་། ཆོས་ཐམས་
62---289 

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*