www.dharmabook.ru tibetan OCR



དང་མྱ་ངན་ལས་འདས་པ་ནི་མཉམ་པ་ཉིད་དོ།
གཉིས་ཀ་མཉམ་པ་ཉིད་དུ་རྣམ་པར་བསྒོམ་པ་ནི་རང་གི་སངས་རྒྱས་ཀྱི་ཞིང་
དུ་་སང་ས་
རྒྱས་སུ་འགྱུར་བས། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ།
སེམས་ཅན་འཇིག་རྟེན་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་མ་དག་པ། དེ་ལ་
དག་པར་བསྒྲུབ་[༡]པ་ཡིས།
སངས་རྒྱས་ཞིང་ནི་ད་ག་པ་ཉིད། ཅེས་[༢]བྱ་བ་
གསུངས་ཏེ།
སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས། སངས་རྒྱས་ཀྱི་
ཞིང་རྣམ་པ་གཉིས་ལ་གོ་རིམས་བཞིན་དུ་བཀྲེས་པ་དང་སྐོམ་པ་དང་།
རྡོ་བ་དང་
ཚེར་མ་ལ་སོགས་པ་ཉིད་ཀྱིས་མ་དག་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ཉེ་བར་
སྤྱད་པ་དང་།
གསེར་གྱི་ས་ཕྱོགས་ལ་སོགས་པ་དག་པ་བསྐྱེད་པའི་སྒོ་ནས་རྣམ་་་་་་་
པར་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའོ།

རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབས་[༢]ིཔ་ནི་ཐབས་མཁས་
པས་སྐལ་
བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་ཐབས་ལ་
མཁས་པ།
ཡུལ་དང་སྦྱོར་བ་ཅན་འདི་ནི། དགྲ་རྣམས་ལས་ནི་འདས་པ་དང་།
མི་གནས་ཇི་བཞིན་ཤུགས་དང་ནི། ཐུན་མོང་མ་ཡིན་མཚན་ཉིད་ད་དང་། མ་
ཆགས་པ་དང་མི་ད་མིགས་དང་།
མཚན་མ་སྨོན་ལམ་ཟད་པ་དང་། དེ་ཡི་
རྟགས་ད་ང་ཚད་མེད་པ།
ཐབས་ལ་མཁས་པ་རྣམ་པ་བཅུ། ཞེས་བྱ་བ་
གསུངས་ཏེ།
བར་ཆད་ཀྱི་ཆོས་ལས་ཡང་དག་པར་རྒལ་[༤]བས་ལྷ་ལ་སོགས་པའི་
བདུད་ལས་འདས་པ་དང་།
ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་བསྒོམས་
པས་མི་གནས་པར་གནས་པ་དང་།
སྨོན་ལམ་གྲུབ་པས་གཞན་གྱི་དོན་སྔོན་གྱི་
52---305

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*