www.dharmabook.ru tibetan OCR



པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས། དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་
སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་
འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་བ་བོ། དེ་ལ་དབང་དུ་བྱ་བའི་ཕྱིར་དེ་
ཉིད་ཡང་ད་ང་ཡང་དུ་སྒོམ་པར་བྱེད་དོ་ཞེས་བར་སྐབས་ཀྱི་[༡]ཚིགས་སུ་བཅད་པས་
གསུངས་པ།
དེ་ནས་སེང་གེ་རྣམ་བསྒྱིངས་པའི། ཏིང་ངེ་འཛིན་ལ་སྙོམས་ཞུགས་
ནས༑
རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། ལུགས་མི་མཐུན་ལ་རྟོག་་་་་་་
པར་བྱེད།
ཅེས་བྱ་བ་ཡིན་ཏེ། མཐོང་བའི་ལམ་འཐོབ་[༢]པའི་རྣལ་འབྱོར་པ་དེ་
ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཏིང་ངེ་འཛིན་
སེང་གེ་
རྣམ་པར་བསྐྱིངས[༢]པ་ལ་སྙོམས་པར་ཞུགས་ནས། དུས་ཕྱིས་རྟེན་ཅིང་་་་་་་
འབྲེལ་པར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ས་སོ།
ཞེས་བྱ་བ་ལ་
སོགས་པ་ལུགས་དང་མཐུན་པ་དང་།
སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་
བ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་ག་གོ།

དེ་ལྟར་མཐོང་བའི་ལམ་བརྗོད་ནས་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་
པ་
ནི་རྟེན་གྲུབ་པ་སྔོན་དུ་འགྲོ་བ་ཡིན་ན་གོ་སླ་བས་རྟེན་བསྒོམ་[༤]པའི་ལམ།
འགོག་དང་བཅས་པའི་སྙོམས་འཇུག་དགུར། རྣམ་པ་གཉིས་སུ་སོང་འོངས་ནས།
འདོད་པར་གཏོགས་པའི་རྣམ་པར་ཤེས། མཉམ་བཞག་མིན་པའི་མཚམས་
བཟུང་སྟེ།
ཐོད་རྒལ་དུ་ནི་སྙོམས་འཇུག་པ། གཅིག་དང་གཉིས་གསུམ་བཞི་
ད་ང་ལྔ།
དྲུག་དང་བདུན་དང་བརྒྱད་བརྒལ་ནས། འགོག་པའི་བར་དུ་མི་
འདྲར་འགྲོ།
ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་
བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས།
དེའི་འོག་ཏུ་
52---319 

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*