www.dharmabook.ru tibetan OCR



ཉིད་ཀྱི་ཆོས་ཀྱི་སྐུ་རྣལ་འབྱོར་པ་གོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ལ་ཡོད་པ་སྐད་ཅིག་་
རེ་རེ་ལ་འབྱུང་བ་ཇི་ལྟར་ཁྱབ་པ་དང་།
རྟག་པ་ཞེས་ཀྱང་བརྗོད་ཅེ་ན།
བར་སྐབས་ཀྱི་ཚིགས་སུ་བཅད་དེ་གསུངས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིཕྱིར།
སངས་རྒྱས་ཁྱབ་པར་ངེས་པར་བརྗོད། དེ་ཉིད་ཟད་པ་མེད་པའི་ཕྱིར།
རྟག་པ་ཞེས་ཀྱང་བརྗོད་པ་ཡིན། ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཇི་སྐད་
བཤད་པའི་ཚུལ་གྱིས་ཐམས་ཅད་དུ་སྣང་བའི་སྒོ་ནས་བྱ་བ་མཛད་པ་རྒྱ་ཆེ་བའི་
ཕྱིར་དང་།
རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་བཅོམ་ལྡན་
འདས་ལ་ཟད་པ་མི་མངའ་བའི་ཕྱིར་གོ་རིམས་བཞིན་དུ་སངས་རྒྱས་ཁྱབ་པ་ད་ང་།

རྟག་པ་ཞེས་མངོན་པར་བརྗོད་དོ།
དེ་ལྟར་སྐུ་གཉིས་བསྟན་ན་ནས། གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་
གཟུགས་ཀྱི་སྐུའི་ངོ་བོ་ཉིད་མཚན་དང་ད་པེ་བྱད་བཟང་པོས་འབར་བ། མཚན་
ནི་སུམ་ཅུ་རྩ་གཉིས་དང་།
དཔེ་བྱད་བརྒྱད་ཅུའི་བདག་ཉིད་འད་འདི། ཛེག་་་་་་་
ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད།
ཅེས་བྱ་བ་གསུངས་ཏེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་
བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་[༡]ས་བཅུ༐
ལ་བཞུགས་[༢]ི
པ་རྣམས་དང་། ཐབས་ཅིག་ཏུ་ཐྲེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་
ད་ང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར།
སངས་རྒྱས་་་་
བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ།
མཚན་སུམ་ཅུ་རྩ་
གཉིས་པོ་དེ་དག་གང་དག་ཅིག་[༢]ཡིན་ཞེ་ན།
བར་སྐབས་ཀྱི་ཚིགས་སུ་བཅད་པ་
ལྔ་ནི།
ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། ཕྱག་ད་ང་
52---33о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*