www.dharmabook.ru tibetan OCR



ཆགས་ད་ང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་་
ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་
ཉིད་དང་།
རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་ད་དང་། ཚུལ་
ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་ད་དང་།
དགེ་བའི་རྩ་བ་
བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་ད་དང་།
ཡང་དག་པར་མཐར་
གྱིས་[༡]ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་ད་དང་།
ལུས་ལ་
སོགས་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་ད་དང་།

ཉོན་མོངས་པའི་མདུད་པ་འགྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་ད་དང་།
ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་ད་དང་།
བགྲོད་ད་ཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་
ཞབས་མི་མཉམ་པ་མེད་པ་དང་།
མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་
སེང་གེའི་སྟབས་སུ་གཤེགས་པ་ཉིད་ད་དང་།
ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་་
ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་ད་དང་།
ནམ་མཁའ་ལ་གཤེགས་
པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་ད་དང་།
སྐྱེས་བུའི་ཁྱུ་
མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་ད་དང་།
སྐོར་
ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་
གཤེགས་པ་ཉིད་ད་ང་།
མཛེས་པར་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་
ཉིད་ད་དང་།
རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མི་ཡོ་[༢]བར་གཤེགས་པ་
ཉིད་ད་དང་།
ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་་་
བག་ཆགས་པ་ཉིད་ད་དང་། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་
བྱས་པ་ལྟ་བུ་ཉིད་ད་དང་།
གདུལ་བྱ་དང་འཚམ་པའི་ཆོས་སྟོན་པར་མཛད་པ་ཉིད་
е-2---344

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*