www.dharmabook.ru tibetan OCR



ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་དང་། སྟོང་པ་ཉིད་ཀྱི་
ངོ་བོ་ཉིད་ཀྱིས་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་
བཀོད་[༡]ནས།
དེ་བཞིན་གཤེགས་པའི་ས་ལ་མྱ་ངན་ལས་འདའ་བ་ལ་འགོད་[༢]
པར་མཛད་ད་དེ།
དེ་ལྟར་ན་ཆོས་ཀྱི་སྐུ་བཞིན་དུ་འདིའི་ཕྲིན་ལས་རྣམ་པ་ཉི་ཤུ་རྩ་
བདུན་ཡང་འཁོར་བ་ཇི་སྲིད་པར་བཞེད་པ
ས་[༢]མཛད་པ་ཡིན་ནོ། སེམས་
བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་གོ་རིམས༐
བསྟན་པའི་རིམ་[༤]པས་
ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་[༥]ཁོང་དུ་ཆུད་པར་བྱ་སྟེ།

ཚིག་མངས་སུ་དོགས་པས་བདག་གིས་ནི་མ་བྲིས་སོ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་མན་ངག་གི་[༦]བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས།

སྐབས་བརྒྱད་པའི་འགྲེལ་པའོ།
རྒྱས་པ་ལ་ད་གའ་བའི་སེམས་ཅན་ལ་ཕན་གདགས་[༧]པར་དེ་ལྟར་དོན་བརྒྱད་
ཀྱི་སྒོ་ནས་རྣམ་པར་བཤད་ན་ས།
ཡང་གཞན་དུ་རྣམ་པར་བཤད་པ། མཚན་
ཉིད་དེ་ཡི་སྦྱོར་བ་དང་།
དེ་རབ་དེ་ཡི་གོ་རིམས་དང་། དེ་མཐའ་དེ་ཡི་རྣམ་སྨིན་
ན་ནི༑
དོན་བསྡུས་གཞན་ཏེ་[༨]རྣམ་པ་དྲུག ཅེས་བྱ་བ་གསུངས་ཏེ། དང་པོར་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་
མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་དོ།
དེ་ནས་དབང་དུ་བྱ་
བའི་ཕྱིར་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པ་ལ་སྦྱོར་བས་ན་[༩]རྣམ་པ་
ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་
གྱི་སྦྱོར་བའོ།
དེ་ནས་ཤིན་ཏུ་གོམས་པས་ཕུལ་དུ་བྱུང་བར་འགྲོ་བའི་ཕྱིར་རྩེ་མོའི་
མངོན་
པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་
བྱ་
2---3ཏྲ་1

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*