www.dharmabook.ru tibetan OCR



ཆགས་པའོ། དོན་འདི་ཉིད་ནི། འགྲོ་ལ་ཆགས་པ[༡]ཀུན་ཆགས་མཛད།
ཅེས་སྨོས་པ་ཡིན་ཏེ། འགྲོ་བ་ལ་ཆགས་པ་གང་ཡིན་པ་དེ་ནི་འགྲོ་བ་ལ་ཆགས་པ་
སྟེ༑
བྱང་ཆུབ་སེམས་ད་པའ་རྣམས་སོ། དེ་རྣམས་དང་འདྲ་བར་ཀུན་ཏུ་
ཆགས་པར་མཛད་པ་གང་ཡིན་པ་དེས་ས་སོ།
དེ་ཉིད་ཀྱིས་ན་སྐྱོབ་པ་སྟེ། རང་
གིས་གཟིགས་པའི་ལམ་སྟོན་པས་སེམས་ཅན་རྗེས་སུ་སྐྱོང་བར་མཛད་པའི་ཕྱིར་ར་རོ།

རྣམ་བཤད་ནི་ཁྱད་པར་ཅན་གྱི་དོན་སྟོན་པའོ། མཛད་པ་ནི་རྣམ་པར་སྦྱར་བའོ།
གང༐གིས་ཤེ་[༢]ན། བསྟན༐བཅོས་ཆེན་པོས་[༢]ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་སྡུད་པར་བྱེད་པས་བསྟན་བཅོས་ཆེན་པོ་སྟེ།

མངོན་པར་རྟོགས་པའི་རྒྱན་ཞེས་བྱའོ། ཅི་ད་པྱད་པས་སམ་ཐོས་པ་གཅིག་ནས་
གཅིག་ཏུ་བརྒྱུད་པས་མཛད་དམ་ཞེ་ན།
མ་ཡིན་དེ་ཉིད་ཀྱིས། མི་ཕམ་མགོན་
ལས་གསན་ནས་ནི།
ཞེས་སྨོས་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་དམ་པར་
གྱུར་པ་ཡིན་པའི་
ཕྱིར་ད་ང་། འཇིག་རྟེན་གྱི་གཙོ་བོར་གྱུར་པ་ཉིད་ཀྱིས་ན་དབང་
ཕྱུག་ཆེན་པོ་
ལ་སོགས་པས་མི་ཐུབ་པའི་ཕྱིར་མི་ཕམ་[༤]མོ་ཞེས་བྱ་བ་ནི་བདག་ཉིད་
ཀྱིས་གསན་[༥]ནས་ལེགས་པར་བསམས་ཤིང་བསྒོམས་པས་བསྟན་པར་བྱས་ནས་
ཞེས་བྱ་བར་དོན་གྱིས་ཤེས་སོ།
འདི་ནི་ཏིང་ངེ་འཛིན་བརྙེས་པ་ཉིད་ཡིན་ན་་་
ཡང་ཇི་ལྟར་ལྷག་པར་མོས་པས་ཚིག་ལེའུར་བྱས་
པས་མཛད་པ་པོ་ལས་མངོན་སུམ་
དུ་གསན་པ་ཉིད་ཡིན་པས་
སྡུད་པ་པོ་ད་ང་འདྲ་བར་འདིར་ཚད་མའི་སྐྱེས་བུར་
གྱུར་པ་ཡིན་ལ།
འདིར་གཞན་དག་ཐོས་པ་མང་བ་ཡང་ཡིན་ཞིང་དྲན་པ་ཡང་་་་
ཤེས་པ་བཞིན་བསྡུས་པ་བྱས་པ་ཉིད་ནི་འདིར་ཅི་ཞིག་ལྟར་འགྲེལ་པ་བྱེད་པ་ལ་་་་་་་
དབང་བ་ཡིན་ན།
མཁས་པར་ལོམ་པ་གཞན་ད་ག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་
བར་དགོངས་སོ།
ཕྱི་རོལ་གྱི་ཤེས་བྱ་མེད་པ། ནང་གི་ཤེས་བྱ་ལ་བརྟེན་ཅིང་
52---364

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*