www.dharmabook.ru tibetan OCR



བསྒོམས་པའི་དོན་ལ་དམིགས་པའི་ཡེ་ཤེས་སོ། དེ་ནི་མཚན་ཉིད་དེ་མཚན་མའི་
དབྱེ་བས་
ནམ་པ་བཞི་ཡིན་ལ། དེ་ཡང་། སྦྱིན་པ་ལ་སོགས་རེ་རེས་ཀྱང་།
ཞེས་བྱ་བ་ལ་སོགས་པས་མཚན་ཉིད་བཞི་པོ་འོག་ནས་འཆད་པ་ཡིན་ན་ནོ། ངོ་བོ་
ཉིད་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་[༡]བྱ་བ་ཉིད་ཡིན་པའི་ཕྱིར་
ཡང་དག་པར༐
རྒྱུ་མེད་པ་[༢]ཉིད་ཀྱི་རང་བཞིན་གྱི་མཚན་ཉིད་ཡིན་ལ་དེ་ཡང་།
ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། སྐུ་གང་གིས་་
བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་སངས་རྒྱས་ཀྱི་ཆོས་ཀྱིས་ཆོས་ལ་ཡང་
དག་པར་ལོངས་སྤྱོད་པར་སྟོན་པ་དེ་ནི།
ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་
ཡང་།
མཚན་ནི་སུམ་ཅུ་རྩ་གཉིས་དང་། ཞེས་བྱ་བ་ལ་སོགས་པས་[༢]སྟོན་ཏོ།
གང་སྤྲུལ་པ་དང་འདྲ་བར་དོན་གྱི་བྱ་བ་བྱེད་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུ་དེ་ནི་
གཞན་ནི་སྤྲུལ་པ་སྟེ།
ཉན་ཐོས་ལ་སོགས་པ་འགྲོ་བ་མ་ལུས་པ་ལ་ཕན་ཐོགས་
པར་མཛད་པ་ཉིད་ཡིན་པས་ན་སྐུ་ཐམས་ཅད་ཀྱི་མཆོག་ག་གོ།
དེ་བཞིན་ཞེས་བྱ་
བ་ནི་ཇི་ལྟར་ངོ་བོ་ཉིད་ཀྱི་སྐུ་ཡེ་
ཤེས་ཀྱི་བདག་ཉིད་ཡིན་པ་དེ་ད་ང་འདྲ་བར་རོ།
དེ་ལྟར་ན་དེ་ལས་གཞན་པའི་སྐུ་དག་ཀྱང་ཡེ་ཤེས་ཀྱི་བད་ག་ཉིད་ཅན་ཡིན་པ་བལྟ་
བར་བྱ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། འདྲེན་པ་
མས་ནི་ཆོས་ཀྱི་སྐུ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། ཞེས་གང་་་་་་་་
གསུང་ས་པ་དང་།
གསེར་འོད་དམ་པ་ལས་ཀྱང་། སྐུ་ལ་ཤ་དང་ཁྲག་མེད་ན།
སྐུ་གདུང་ཡོད་པར་ག་ལ་འགྱུར། ཞེས་གསུངས་པ་ཡིན་ནོ། སྤྲུལ་པའི་སྐུ་
ཡང་།
གང་གི་[༤]འཁོར་བ་ཇི་སྲིད་པར། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།
རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་རང་གི་མཚན་
ཉིད་འཛིན་པའི་ཡེ་ཤེས་ཀྱི་སྐུའོ།
མཛད་པར་བཅས་པ་ནི་ཡིད་བཞིན་གྱི་ནོར་བུ་
52-----390

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*