www.dharmabook.ru tibetan OCR



སོགས་པ་དེ་དག་གི་ཡང་དྲོ་[༡]བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་གཟུགས་
སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད༐
ཀྱིས་ཏེ་[༢]ད་ངོས་པོ་
གང་ལ་ཡང་གཟུགས་སུ་རུང་བ་དང་།
ཉམས་སུ་མྱོང་བ་ལ་སོགས་པའི་མཚན་་
ཉིད་ཀྱི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་དེའི་བདག་ཉིད་ཅན་གྱི་བདེན་
པ་བཞི་པོ་སྡུག་བསྔལ་བ་ལ་
སོགས་པ་དེ་ལ་དམིགས་པ་གང་ཡིན་པ་དང་བདག་ཏུ་
ལྟ་བ་ནི་བདག་ཏུ་མཐོང་བའོ།
དེའི་གཉེན་པོ་ཉིད་ཡིན་པས་མི་རྟག་པ་ལ་
སོགས་པ་ཞེས་བྱ་བ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པས་ཞུགས་
པའོ༑
རང་གི་ཐེག་པ་ནི་ཕུང་པོ་ལྷག་མ་དང་བ་ཅས་པ་དང་ལྷག་མ་མེད༐པ་
དང་[༢]མྱ་ངན་ལས་འདས་པའོ།
དེ་རྟོགས་པ་ཁོ་ན་ནི་དེ་ཐོབ་པ་ཉིད་ད་དོ།
ཡོངས་སུ་བཟུང་བ་ནི་སྔ་མ་བཞིན་དུ་སྟེ་དེ་དང་བྲལ་བའོ། རྣམ་པར་རྟོག་པ་་་་
རྣམ་པ་བཞི་ནི་འོག་ནས་བཤད་པའོ།
དེ་དང་མི་ལྡན་པར་འབྱུང་ངོ་ཞེས་བྱ་
བའི་ཚུལ་གྱིས་ཏེ། དེ་ལྟར་བྱས་ན་རྣམ་པར་རྟོག་པ་བཞི་[༤]ནི་རང་གི་བྱང་ཆུབ་
ཀྱི་གེགས་སུ་གྱུར་
པ་མ་ཡིན་ནོ། ཉན་ཐོས་ཀྱི་ལུང་ལས་འདྲེས་སུ་ཟིན་ཀྱང་མ་
འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་བཤད་པས་རྣམ་པར་རྟོག་པ་རྣམ་པ་བཞི་ད་ང་བྲལ་
བ་ཡིན་ནོ།
ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་དང་དམིགས་པ་དག་
ཡོངས་སུ་བཟུང་[༥]བའི་དབང་གིས་ཁྱད་པར་དུ་འཕགས་པ་དེ་ནི་བྱང་ཆུབ་སེམས་
ད་པའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ༐
སྨོས་པ[༦]་ཡིན་ཏེ། བདེན་པ་བཞི་པོའི་
ད་ངོས་པོ་
ལ་དམིགས་པ་ནི་ངེས་པར་འབྱེད་པ་ད་ང་ཞེས་བྱ་བ་ལ་སོགས་པ་དང་་་
སྦྱར་ར་རོ།
དེ་ནི་ཅི་རིགས་པར་ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་ཀུན་འབྱུང་བ་ལའོ།
རྒྱུའི་སྒོ་ནས་ནི་ཀུན་འབྱུང་ནི་སྡུག་བསྔལ་གྱི་ཕུང་པོའི་རྒྱུ་ཉིད་ཡིན་པས་ས་སོ། ཁ་
ཅིག་ཏུ་ནི་ཞེས་བྱ་བ་སྡུག་བསྔལ་ལ་ནི་འབྲས་བུའི་སྒོ་ནས་ཞེས་བྱ་བ་སྡུག་བསྔལ་གྱི[༧]

52---416

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*