www.dharmabook.ru tibetan OCR



ནི་མདོ་སྡེ་རྒྱན་ལ་སོགས་པ་ལས་ཤ་ཟའི་སྐད་ལ་སོགས་པ་ལ་མངོན་པར་ཞེན་པ་་་་
ཡང་དག་པའི་ལྟ་བ་མི་ཤེས་པའི་ཤ་ཟ་རྣམས་ལ་མཉམ་པར་བསྟན་པས་རྒྱ་ཆེར་
ཚར་བཅད་[༡]པ་ཡིན་པར༐
བལྟ་བར་[༢]བྱའོ་ཞེས་བྱ་བར་དགོངས་སོ། ཡང་འདིའི་
དགོངས་པ་འདི་
མ་ཡིན་པས་རྟག་པའི་ལུང་དང་མི་རྟག་པའི་ལུང་བཞིན་དུ་ཐེག་པ་
གཞན་དང་གཞན་འགལ་བ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་
བྱ་སྟེ། གཞན་གྱི་་་་
ཆོས་རྣམས་ཀྱང་ཡོད་པ་ཞེས་བྱ་བ་ལ་སོགས་པ་དེའི་བྱང་ཆུབ་ད་ང་འགལ་བར་འོག་
ནས་བཤད་པ་ཡིན་པའི་ཕྱིར་རོ།
གཞན་དུ་ན་བྱེ་བྲག་ཏུ་སྨྲ་བ་ད་ང་། མདོ་སྡེ་པ་
ད་ང་།
རྣལ་འབྱོར་སྤྱོད་པ་ད་ང་། དབུ་མ་པའི་སངས་རྒྱས་པ་རྣམས་གོང་ནས་་
གོང་གི་[༢]རིམ་པས་ཁྱད་པར་དུ་འཕགས་པར་ཇི་ལྟར་འགྱུར། ཡང་ན་ཐེག་པ་ཆེན་
པོ་ཁྱད་པར་དུ་འཕགས་པ་བསྟན་པ་ན་ཐེག་པ་གཞན་
ཁྱད་པར་ཅན་མ་ཡིན༐པར་
བཤད་པ་མ་ཡིན་[༤]ནམ།
དེས་ཕོངས་[༥]པ་ལ་འཇུག་པའི་ལས་ཀྱི་ཉེས་པར་ཅིའི་
ཕྱིར་མི་འགྱུར་ཞེས་བྱ་བའི་ཕྱོགས་སྔ་མའི་ལན་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་
སྨོས་པ་ཡིན་ཏེ།
འདི་ནི་ལུགས་གཞན་ཁོ་ན་ཡིན་པས་ཞེས་བྱ་བ་ནི་ཐེག་པ་ཁྱད་
པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་
དག་ཇི་ལྟ་བ་བཞིན་དུ་རྟོགས་པ་བརྟན་་་་
པར་བྱའོ་ཞེས་བྱ་བའི་སྐབས་ཡིན་ན་ནོ།
གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གང་
དུ་ཡང་ཐེག་པ་གཞན་ལ་བརྟེན་ནས་སུན་དབྱུང་བ་བརྗོད་པར་མི་བྱའོ་ཞེས་བྱ་བ་་
ཆོས་ཀྱིས་ཕོངས་[༦]
པར་འགྱུར་བ་ལ་འཇུག་པའི་ལས་ཀྱི་ཉེས་པ་བརྗོད་པར་མི་[༧]བྱ་
སྟེ༑
རང་རང་གི་ཛེག་པ་ལ་གནས་པ་རྣམས་བདག་ཅག་གི་བས་གཞན་གྱི་ཐེག་
པ་ཉམས་པར་འདོད་པ་ཉིད་ཡིན་པའི་ཕྱིར་རང་གི་ཐེག་པ་ལས་ཉམས་ནས་དེ་ལྷག་
པར་མོས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།
དེ་ཉིད་ཀྱིས་ན་གཞན་གྱི་
ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་སུན་དབྱུང་བ་སྔར་བཤད་པའི་ཉེས་
བྱ་
2---418

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*