www.dharmabook.ru tibetan OCR



བར་ཞེས་བྱ་བ་རང་གི་རིགས་གསལ་བ་མ་ལུས་པ་ལ་ཁྱབ་པས་ན་རྒྱུན་ཏེ་སྤྱིའོ།
དེ་མི་འདྲ་བ་གང་ཡིན་པ་དེ་ནི་འདིར་གསལ་བར་རང་གི་མཚན་ཉིད་བརྗོད་པའོ།
རྒྱུན་ནི་སྔ་མ་ད་ང་འདྲའོ། འདི་གཉིས་ཀྱི་མཚན་ཉིད་ནི་རང་ད་ང་སྤྱིའི་མཚན་་
ཉིད་དོན་གྱི་བྱ་བ་ནུས་པ་ད་ང་མི་ནུས་པའི་བདག་ཉིད་ཅན་དུ་
མེད་དེ། བརྗོད་་
པ་པོ་མེད་པས་བརྗོད་པར་བྱ་བ་མེད་ད་དོ།
ཞེས་བྱ་བར་དགོངས་སོ། རང་གི་
མཚན་ཉིད་ནི་ཀུན་རྫོབ་ཏུ་ཡང་
བརྗོད་དུ་མེད་པ་མ་ཡིན་ནམ་སྒྲ་རྣམས་ནི་སེལ་་་་་
བའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཇི་ལྟར་དེར་དགག་ཅེ་ན་བདེན་མོད་ཀྱི་སྒྲ་གསལ་་
བ་ཉིད་ལ་འཇུག་པ་ན་ལན་འགའ་ཞིག་དེ་ལ་ཡང་བརྗོད་པར་བྱ་བ་ཉིད་ཡིན་པར་
མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་དུ་སྲིད་པ་དགག་པ་ཡིན་པས་ཉེས་པ་མེད་དོ།

ཞེས་བྱ་བ་ནི་གནས་བྲལ་བའོ། དྲོ་བ་ཆེན་པོ་ནི་གཟུགས་ལ་སོགས་པའི་ཆོས་་་་་
ཐམས་ཅད་ཀྱི་བཏགས་པ་སྟེ་ཐ་སྙད་ད་དོ།
དེ་ནི་ཆེན་པོའི་དམིགས་པ་སྟེ་[༡]ཞེས་
བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
གཟུགས་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་
པ་བརྡར་བཏགས་[༢]པའི་ཆོས་
ཐ་སྙད་[༢]དུ་བྱ་བའི་ད་བང་གིས་ཀུན་ཏུ་ཐ་སྙད་དུ་
བྱས་པ་དང་འདྲ་བར་སངས་རྒྱས་ད་ང་འདོད་ཆགས་དང་བྲལ་བ་ལ་སོགས་པ་
གཅིག་ཡིན་པའི་བསམ་པས་མིང་དུ་ངེས་པའོ།
དེ་ནི་གཟུགས་ནས་ཞེས་བྱ་བ་ལ་
སོགས་པའི་ཐ་སྙད་ཀྱིས་བརྗོད་དུ་མེད་པའོ།
དྲོ་བ་ཞེས་བྱ་བའི་དོན་དང་ལྡན་
པ་
ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིའི་རྗེས་ཐོགས་ལ་
བར་ཆད་མེད་ན་མཐོང་བའི་ལམ་དུ་འགྱུར་བ་ཡིན་
པས་ཐར་པའི་ཆ་ད་ང་མཐུན་
པའི་
འོག་ཏུ་དྲོ་བའི་ཁྱད་པར་རོ། རྩེ་མོར་རྟོགས་[༤]པའི་དགེ་བའི་རྩ་བའི་
དམིགས་པ་ད་ང་
རྣམ་པ་ཆུང་ངུ་དང་འབྲིང་ད་ང་ཆེན་པོ་ནི་གཟུགས་ལ་སོགས་ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།
གཟུགས་སོགས་མི་གནས་ཞེས་བྱ་བ་ནི་
52---420

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*