www.dharmabook.ru tibetan OCR



གོང་ནས་གོང་དུ་སྐྱེས་པ་[༡]རྫོགས་པའི་སངས་རྒྱས་ལ་སོགས་པའི་ཆེད་དུ་བྱ་བ་རྣམ་
པ་གསུམ་དུ་ཤེས་པར་བྱའོ།
རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་
ཐམས་ཅད་དུ་འགྲོ་བ་མི་དམིགས་པར་རྟོགས་པའི་སེམས་དང་ཉོན་མོངས་པ་བག་
ཆགས་དང་
བཅས་པར་སྤངས་པ་དང་། ཡུལ་དང་དུས་ཀྱིས་ཆོད་[༢]པ་དང་
ད་ངོས་པོ་
ཕྲ་བ་ཡང་ཤེས་པ་མི་སྲིད་པས་ཉན་ཐོས་ལ་སོགས་པ་ལ་བདག་ཉིད་ཆེ་བ་
གསུམ་པོ་འདི་དག་ཡོད་པ[༢]་མ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ།
འདོད་པ་ཙམ་
གྱི་ཉོན་མོངས་པ་སྤོང་བ་མ་ཡིན་པའི་ཕྱིར་ར་རོ།
སངས་རྒྱས་ལས་བྱང་ཆུབ་སེམས་
དཔའ་རྣམས་[༤]ཁྱད་པར་ཡང་དག་པར་ན་ཡོད་པ་མ་ཡིན་ཏེ།
སངས་རྒྱས་ཀྱི་
ཡོན་ཏན་ཐོབ་པའི་སྐལ་བ་ཡོད་པའི་ཕྱིར་ར་རོ།
ཞེས་བྱ་བའི་དགོངས་པ་ད་ང་ལྡན་
པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་བ་ཡིན་ནོ་ཞེས་
བཤད་པ་ཉེས་པ་མེད་དོ།
དམིགས་པ་ལས་ཆེད་དུ་བྱ་བ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ད་ལྟར་གྱི་ནི་
ད་མིགས་པ་སྟེ་ཉེ་བ་ན་གནས་པའོ།
མ་འོངས་པ་ནི་ཆེད་དུ་བྱ་བ་སྟེ་རྒྱང་རིང་བ་
ཡིན་པ་ནི་འཕགས་པ་རྣམ་པར་གྲོལ་བའི་[༥]སྡེས་མདའ་ལྟོང་སྦྱོར་བ་དང་འབེན་ལ་
ཕོག་པ་དང་ཆོས་མཐུན་པ་
ཡིན་ནོ་ཞེས་བཤད་དོ།
སྒྲུབ་པའི་རྟེན་དུ་གྱུར་པ་ལ་སོགས་པ་[༦]རྟེན་དང་དམིགས་[༧]པ་དང་ཆེད་དུ་
བྱ་བ་བརྗོད་ནས་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན།
ཞེས་འདྲི་བ་ལ།
ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་
བཞི་ལ་སོགས་པའོ།
སྤྱིར་ཏེ་ཐམས་ཅད་ལ་མངོན་པར་ཁྱབ་པ་དགེ་བའི་ཆོས་ཀྱི་
52---440

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*