www.dharmabook.ru tibetan OCRསེམས་གང་གིས་སྡོ་[༡]བར་བྱེད་པ་དེ་དང་དེའི་བདག་ལ་སོགས་པ་ད་ང་ལྡན་པའི་་
གཞི་ཅན་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པའི་ཉོན་མོངས་པའི་ཕུང་པོའོ།

དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་ནི་བྱུང་བ་དང་འབྱུང་བར་འགྱུར་བ་དང་།
ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ས་སོ། སྦྱིན་པ་ལ་སོགས་པ་
དང་མཚན་མ་[༢]ནི་སྦྱིན་པར་བྱ་བ་ལ་སོགས་པ་འཚང་རྒྱ་བའི་རྒྱུ་
ཉིད་དོ།
ལམ་ཐམས་ཅད་ནི་ཐེག་པ་གསུམ་མ་མོ། འདོད་པ་ལ་སོགས་པའི་ཁམས་ནི་་་་་་
འདོད་པ་དང་གཟུགས་
དང་གཟུགས་མེད་པའི་ཁམས་སོ། དགེ་བ་བཅུ་ལ་
སོགས་པའི་ལས་ཀྱི་ལམ་ནི་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའོ།
རྒྱུན་ཏུ་
ཞུགས་པ་ལ་སོགས་པ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་[༢]ཕྱིར་འོང་བ་ལ་སོགས་
པའོ༑
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་རྣམས་
ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་[༤]ཡོངས་སུ་བསྔོ་བ་ཁྱད་པར་ཅན་
ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ།
འདིས་ནི་སེམས་བསྐྱེད་པ་ལ་སོགས་
པ་སྔ་མ་བཞིན་དུ་མོས་[༥]ནས་བླ་ན་མེད༐
པ་ཡང་དག་པར་རྫོགས་[༦]པའི་བྱང་ཆུབ་མི་
དམིགས་པ་ལ་སོགས་པའི་བསམ་པས་
སེམས་ཅན་རྣམས་ཐེག་པ་གསུམ་གྱི་རིམ་་་་་་
གྱིས་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་དེ་
བསྔོ་བར་བྱའོ་ཞེས་བྱ་བར་དགོངས་སོ།

བསྒོམ་པའི་ལམ་གྱི་རྗེས་སུ་ཡི་རང་བ་བསྒོམ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་
པ་དང་འགྲེལ་པ་ནི་གོ་སླའོ།

ཆོས་ཀྱིས་ཕོངས་པའི་རྒྱུ་ནི་རང་གི་ཆོས་མཉན་པ་ལ་སོགས་པ་མ་ཐོབ་པའི་་
52---464

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*