www.dharmabook.ru tibetan OCR



རང་གི་མཚན་ཉིད་ཅེས་བྱ་བ་རང་གི་མཚན་ཉིད་སྟོང་པ་ཉིད་ད་དང་། གཞན་གྱིས་
ཡོངས་སུ་བརྟགས་པའི་དུས་ནི་ཀུན་རྫོབ་ཏུ་ཡང་མ་དམིགས་པའི་ཕྱིར་དང་།

ཡང་དག་པར་ན་ཤེས་པའི་སྣང་བ་ལས་གཞན་པའི་དུས་ཀྱང་མི་འཐད་པའི་ཕྱིར་མི་
དམིགས་པ་ཞེས་བྱ་བ་མི་དམིགས་པ་སྟོང་པ་ཉིད་ད་དེ།
རྣམ་པ་གསུམ་པོ་དེ་དག་ག་གོ།
ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ཞེས་བྱ་བ་མྱ་ངན་ལས་འདས་པའི་རྣམ་པ་ཉིད་
ཡིན་ལ་ངོ་བོ་ཉིད་མེད་པའི་ཕྱིཕྱིར།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
རྣམ་པ་གཅིག་སྟེ།
དེ་ལྟར་ན་ཞེས་བྱ་བ་ལ་སོགས་པའི་ནམ་པ་ནི་བཅུ་དྲུག་ཏུ་་་་
བསྒྲགས་སོ།
ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་་་་་
པའི་ཚིག་ལེའུར་བྱས་པའི་དོན་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་་
པ་
ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པས་
ས་སོ༑
འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་ཉན་་་་་་་
ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ད་ང་ཡང་དག་པར་རྫོགས་
པའི་སངས་རྒྱས་བསྡུས་པའི་ཕྱིར་ཏེ།
གྲངས་བཞིན་དུ[༢]ཉན་ཐོས་ལ་སོགས་པའི་
ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ།
དྲན་པ༐ཉེར་བཞག་[༢]ི་ནས་བཟུང་སྟེ་ཞེས་
བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་པོར་བྱས་ནས་སོ།
ཐ་མ་སངས་རྒྱས་
ཉིད་རྣམ་པར་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་
སོགས་པ་རྣམ་
པ་སུམ་ཅུ་རྩ་དགུའི་བར་ནི་རྣམ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་
བའི་ཐ་ཚིག་གོ།
ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་
གང་ཟག་ཐམས་ཅད་བསྡུས་པ་ཡིན་ཞེ་ན།
ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ།
ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་གྲགས་པ་དེས་བསྡུས་་་་
པའི་ལམ་གང་ལ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་གྱི་བདེན་པ་རྣམ་པ་
е-2---48о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*