www.dharmabook.ru tibetan OCR



བཅུ་དྲུག་ལས་གཞན་མེད་དོ་ཞེས་གང་གསུངས་པ་དེ་ནི་ཉོན་མོངས་པའི་སྒྲིབ་པའི་
གཉེན་པོ་ལས་དགོངས་པ་ཡིན་པས་དེ་དང་འདི་
ལ་འགལ་བ་མེད་དོ།
སྦྱོར་བ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་རྣམ་པ་དང་བཅས་པའི་སྦྱོར་བའི་
བདག་ཉིད་ཀྱི་ཡུམ་སྒོམ[༡]་པར་བྱེད་པའི་བྱང་ཆུབ་སེམས་
དཔའ་དོན་གྱི་ཤུགས་ཀྱིས་
འཕངས་པ་བཤད་པ་ཡིན་ནོ།
དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་་
ནུས་པས་ཞེས་བྱ་
བ་ནི་དགོས་པ་མེད་པའི་ཕྱིར་སྨྲ་བར་མི་རིགས་སོ། སངས་
རྒྱས་རྣམས་ལ་བཀུར་སྟི་བྱས་པ་ནི་སངས་རྒྱས་ལ་དམིགས་ཏེ་གཙུག་ལག་ཁང་ལ་
སོགས་པ་བྱེད་པ་དང་།
སངས་རྒྱས་རྣམས་ལ་བསོད་སྙོམས་ལ་སོགས་ཕུལ་བས་
ས་སོ༑
དེ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལ་
སོགས་པས་སོ།
དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་ཤིང་དགེ་བའི་
བཤེས་གཉེན་རྣམས་ཀྱི་མགོན་དང་ལྡན་པ་ནི་རྣམ་པ་དང་བཅས་པའི་སྦྱོར་བའི་
བདག་ཉིད་ཀྱི་ཡུམ་འདི་མཉན་པའི་
སྣོད་ཡིན་ཞིང་འཛིན་པ་དང་འཆང་བ་ལ་
སོགས་པ་ནི་སྣོད་ཉིད་ཡིན་པར་དམ་པ་རྣམས་
བཞེད་པ་སྟེ། དེར་བསྔགས་པ་
ཡིན་པའི་ཕྱིར་སངས་རྒྱས་ཀྱིས་གནང་བ་ཡིན་ན་ནོ།
ཚིག་ལེའུར་བྱས་པའི་དོན་ནི་
འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
གཞན་ད་ག་མཉམ་པ་ལ་
སོགས་པ་འཐོབ་[༢]པར་མི་འགྱུར་བས་འད་ས་པ་དང་ད་ལྟར་བྱུང་བའི་སང་ས་རྒྱས་
རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་སྟེ། སངས་རྒྱས་ཐམས་ཅད་ལ་
དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པ་[༢]དེ་རྣམས་ལ་བསོད་སྙོམས་ལ་
སོགས་པ་ཕུལ་བས་དང་པོ་[༤]ཐར་པའི་ཆ་ད་ང་མཐུན་པའི་ས་བོན་ཐོབ་པའོ།

སྤྱིར་ཞེས་བྱ་བ་ནི་གཞན་རྣམས་ལ་མེད་པས༐དེ་བཞིན་གཤེགས་པ་རྣམས་ལ་སྤྱིར་[༥]
е-2---495

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*