www.dharmabook.ru tibetan OCR



རྒྱ་བ་ཉིད་ཀྱི་གནས་སྐབས་སུ་ནི་དེ་ཡང་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།
བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་ནི་ཁྱད་པར་གྱི་བདག་ཉིད་བཅུ་དྲུག་ག་གོ།
འདིས་ཅི་ཞིག་ནི་མཚོན་འདིའི་ཁྱད་པར་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་ཇི་ལྟར་ན་
ཁྱད་པར་གྱི་ལམ་
དུ་བསྟན་པ་ལ་བརྟེན་པ་ཡིན་ཞེ་ན། དེའི་ཕྱིར་གོ་རིམས་བཞིན་
དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
དེ་ལྟར་བཅུ་དྲུག་པོའི་[༡]གོ་རིམས་་་་་་་
བཞིན་དུ་སྡུག་བསྔལ་ལ་སོགས་པ་བདེན་པ་སྐད་ཅིག་མ་རྣམས་ཀྱི་རེ་རེ་ཞིང་སྡུག་
བསྔལ་གྱི་བདེན་པ་ལ་
སོགས་པ་ལ་མཚན་ཉིད་བཞི་བཞི་ཡིན་ལ་ལམ་ཤེས་པ་ལ་
སོགས་པ་གཉིས་ནི་ཞེས་བྱ་བ་ལམ་ཤེས་པ་ཉིད་དང་།
རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ལ་བྱང་ཆུབ་སེམས་ད་པའ་ལ་སོགས་པ་སྟེ།
བྱང་ཆུབ་སེམས་དཔའ་དང་
སངས་རྒྱས་དག་ཉན་ཐོས་ལ་སོགས་
པའི་ལམ་སྔར་གསུངས་པ་རྣམས་ལས་ཁྱད་
པར་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱི་དབྱེ་བ་བསྟན་པ་གང་་་་་་་
ཡིན་པས་ཁྱད་པར་[༢]ཞུགས་ཤིང་རྫོགས་པའི་བྱང་ཆུབ་ཀྱི་ཐབས་ཉིད་ཡིན་པའི་ཕྱིར་
ཁྱད་པར་གྱི་ལམ་ཡིན་ཏེ།
སྔར་བཤད་པའི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་
ཁྱད་པར་དུ་འཕགས་པའི་
བདེན་པ་བཞིའི་མཚན་ཉིད་ད་དོ། འདིར་ཉན་ཐོས་ལ་
སོགས་པའི་ལམ་
བརྫོད་པར་ཡང་རིགས་པ་མ་ཡིན་ནམ་གཞན་དུ་ན་ཁྱད་པར་དུ་[༢]ི
ཁོང་དུ་ཆུད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་སྔར་བཤད་པ་ལ་ས་ཉན་ཐོས་ལ་སོགས་པ་དེ་
དག་གི་ནི་ཇི་སྐད་དུ་བཤད་པའི་ཁྱད་པར་དང་བྲལ་བ་སྟེ།
བསམ་གྱིས་མི་ཁྱབ་པ་
ལ་སོགས་པས་སྟོང་པའི་འཕགས་པའི་བདེན་པ་བཞིའི་ལམ་ཡིན་ན་ནོ།
དེ་ལྟར་ན་
ཡང་ཅིའི་ཕྱིར་མ་
བཤད་ཅེ་ན། མངོན་པར་ཤེས་པ་ལ་སོགས་པའི་སྐྱེ་བའི་མཚན་
ཉིད་ཀྱིས་ཞེས་བྱ་བ་མཉམ་པར་གཞག་པ་ལས་མིག་ལ་སོགས་པའི་མངོན་པར་ཤེས་
52---50о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*