www.dharmabook.ru tibetan OCR



ཐུན་མོང་ཡིན་པ་ཉིད་ཀྱིས་རང་རང་གི་ཉེ་བར་ལེན་པ་ད་ང་ལྷན་ཅིག་བྱེད་པའི་་་་་་་
རྒྱུར་བྱས་པ་དུས་མཉམ་པར་གྱུར་པ་ཉིད་ཀྱིས་ན་དུས་མཚུངས་པར་འབྱུང་[༡]བའི་
བ་ལང་གི་རྭ་དང་འདྲ་བས་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་
པོ་སྲེག་པར་བྱེད་
པ་ད་ང་བསྲེག་པར་བྱ་བའི་གནས་སྐབས་སུ་གནས་ཞེས་བྱ་བར་་་་
དགོངས་སོ།
དེ་བཞིན་དུ་ནུས་པ་ཡིན་ཕྱིར་ཏེ་གང་མེ་ལྕེ་དང་སྙིང་པོ་དེ་དག་སྐྱེ་
བ་སྐད་ཅིག་མ་གཉིས་པའམ་ཡང་ཞེས་བྱ་བ་སྐད་ཅིག་མ་དང་པོ་མ་ཡིན་པར་སྔ་མ་
བཞིན་དུ་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་
བྱེད་པ་དང་
བསྲེག་པར་བྱ་བའི་ངོ་བོར་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ།
རྟག་ཏུ་ཡོད་པར་[༢]
ལ་སོགས་པར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སྐད་ཅིག་
མ་དང་པོ་མེད་པར་འབྱུང་བར་ཁས་ལེན་པ་ན་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ།

རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པ་འམ་མེད་པར་འགྱུར།
དངོས་པོ་རྣམས་ནི་རེས་འགའ་ཞིག འབྱུང་བ་ལྟོས་[༢]པ་ལས་ཡིན་ན་ནོ། ཞེས་
བྱ་བའི་རིགས་པས་རྟག་ཏུ་ཡོད་པ་འམ་མེད་པར་ཐལ་བར་འགྱུར་ར་རོ།
དེ་ལྟར་
ན་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དེ་གང་གི་ཕྱིར་སྐད་ཅིག་
མ་དང་པོ་མེད་པར་
སྐད་ཅིག་མ་གཉིས་པ་འབྱུང་བར་ཁས་ལེན་ན་ཐམས་ཅད་འབྲས་བུ་ཡིན་པར་ཁྱད་
པར་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པ་ཡིན་ལ་དེའི་[༤]རྒྱུ་དང་འབྲས་བུ་
ཞེས་བྱ་བ་ལ་སོགས་པ་མེད་དོ་ཞེས་བྱ་བར་སྦྱར་རོ།
ཡང་ན་སྐད་ཅིག་མ་དང་པོ་
ལ་མ་ལྟོས་[༥]པར་
སྐད་ཅིག་མ་གཉིས་པ་སྐྱེ་ན་རྟག་ཏུ་ཡོད་པས་ན་རྒྱུའི་སྐད་ཅིག་མ་
མ་ཞིག་པས་སོ།
མེད་པ་ཡང་ནུས་པ་མེད་པ་ཡིན་པའི་ཕྱིར་སྙིང་པོ་ཚིག་པ་ཀུན་
རྫོབ་ཏུ་ཡང་མེད་པར་འགྱུར་ར་རོ།
དེ་བས་ན་མེ་ལྕེ་དང་སྙིང་པོ་ནི་རྒྱུ་ལ་སོགས་པ་
མ་ཡིན་ནོ་ཞེས་བྱ་བར་སྦྱར་
རོ[༦]། སྐད་ཅིག་མ་ད་ང་པོ་དང་སྐད་ཅིག་མ་གཉིས་
52---ཏྲ36

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*