www.dharmabook.ru tibetan OCR



པ་དང་ལྡན་པར་དོན་བྱེད་པར་ནུས་པའི་རང་བཞིན་ཡིན་ན། གང་དག་[༡]ཀུན་
རྫོབ་པ་དེ་དག་ནི་རིགས་[༢]པའི་སྦུངས་མི་བཟོད་པས་ན་དེ་ལྟར་ག་ལ་ཞིག་
འགྱུར།
དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་འཁྲུལ་པའི་དྲི་མ་མཐའ་དག་མ་ལུས་
པར་སྤངས་པ་ལས་ལུས་ད་ང་ངག་གི་བཀོད་པ་སེམས་ཅན་
དང་སེམས་ཅན་མ་ཡིན་
པས་བསྡུས་པ་ཇི་སྙེད་ཅིག་སྣང་བ་དེ་དག་ནི་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་དེ་
ཉིད་གདུལ་བྱ་
ནམས་ལ་རང་རང་གི་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཉིད་དུ་སྣང་
བའོ༑
གདུལ་བྱ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་རྣམས་ནི་དང་པོ་སྟེ་དེ་
དག་ལ་ནི་ཆོས་ཀྱི་སྐུ་
གཉིས་པ་ཕན་ཚུན་དུ་སྣང་ངོ་། དོན་དམ་པའི་སྐུ་དང་པོ་་་་་་་
འདི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡང་
ཡུལ་མ་ཡིན་ཏེ།
དེ་ནི་ཡུལ་གྱི་རང་བཞིན་གང་དུ་ཡང་མ་གྱུར་པས་ས་སོ། ཆོས་
ཀྱི་སྐུ་སྟེ་གཉིས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་དག་
ལ་ལྷུན་གྱིས་གྲུབ་
པར་སྣང་
སྟེ[༢]། དེ་ལ[༤]ཡང་ཐ་དད་པའི་རྟོག་པ་མི་འབྱུང་བའོ། གདུལ་བྱ་
གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་ལ་ནི་ལོངས་སྤྱོད་རྫོགས་པའི་
སྐུ་སྣང་སྟེ།
བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་འབའ་ཞིག་ལ་དེར་སྣང་ང་ངོ་།
གཞན་དག་ནི་ས་བརྒྱད་པ་ནས་བཟུང་སྟེ། དེ་སྣང་བར་སྨྲ་ལ། ཡང་གཞན་
དག་ནི་སྨོན་ལམ་དང་བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་་་་་་་
ཡང་སྣང་མོད་ཀྱི།
ཉན་ཐོས་དང་རང་སངས་རྒྱས་ཆ་ལུགས་ལ་མངོན་པར་ཞེན་་་་་
པའི་རིགས་ཅན་དེ་དག་འབའ་ཞིག་ལ་སྣང་བར་མི་འགྱུར་ཏེ།
དེའི་ཕྱིར་འཕགས་
པ་
ཐྲེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས། དེའི་འཁོར་དུ་ལྷ་་་་་
ད་ང་ཀླུ་དང་གནོད་སྦྱིན་དང་མི་འམ་ཅི་ལ་སོགས་པ་བསྟན་པ་མཛད་དོ་ཞེས་ཟེར་ར་རོ།

དེ་ནི་མི་རིགས་ཏེ་དེ་དག་གིས་ནི་སྤྲུལ་པའི་སྐུ་ཉིད་ལ་ལོངས་སྤྱོད་རྫོགས་པའོ་ཞེ་ས་
52---о-33

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*