www.dharmabook.ru tibetan OCR



རྒྱུད་ཀྱིས་བསྡུས་པ་བསྟན། སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་ནམ་པ་རྣམས་
བསྒོམ་པ་
ལས་རྣལ་འབྱོར་པའི་རྣམ་པ་བསྐྱེད་པའི་དོན་དུ་སྦྱོར་བ་ཉི་ཤུ་བསྟན། དེ་
ལ་ལྔ་ནི་ཚོགས་ལམ་གྱིས་
བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུའི་བར་གྱིས་
བསྡུས་སོ།
དེ་ལ་སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམས་ན་ཡོན་ཏན་འབྱུང་བས་
ཡོན་ཏན་བཅུ་བཞི་བསྟན།
ཡོན་ཏན་བཅུ་བཞི་ས་དང་སྦྱར་ན་བཞི་ནི་ངེས་པར་
འབྱེད་པས་བསྡུས་ས་སོ།
ལྷག་མ་བཅུ་ནི་ས་ད་ང་པོ་ནས་ས་བཅུ་པའི་བར་གྱིས་་་་་
བསྡུས་ས་སོ།
སྦྱོར་བ་ཕྱིན་ཅི་ལོག་ཏུ་བསྒོམས་ན་སྐྱོན་འབྱུང་བས་སྦྱོར་བའི་སྐྱོན་
བཞི་བཅུ་རྩ་དྲུག་ཏུ་[༡]བསྟན།
དེ་ལ་བཅུ་ནི་ཚོགས་ལམ་གྱིས་[༢]བསྡུས་ས་སོ།
བཅུ་ནི་དྲོད་ཀྱིས་བསྡུས་སོ། བཅུ་ནི་རྩེ་མོས་བསྡུས་ས་སོ། བཅུ་ནི་བཟོད་པས་
བསྡུས་ས་སོ།
དྲུག་ནི་ཆོས་མཆོག་གིས་[༢]བསྡུས་ས་སོ། དི་ལ་སྦྱོར་བ་ཁྱད་པར་ཅན་
རྒྱུད་ལ་སྐྱེས་པར་
མཚན་ཉིད་ཀྱི་སྒོ་ནས་ཤེས་པས་མཚན་ཉིད་དགུ་བཅུ་རྩ་གཅིག་་་་
བསྟན་ཏོ།
དེ་ལ་ཤེས་པའི་མཚན་ཉིད་ནི་ཕྱོགས་ཆོས། བྱེད་པའི་མཚན་ཉིད་
ནི་མི་མཐུན་པའི་ཕྱོགས་ལ་ཡོད་
པའི་ཚུལ། ཁྱད་པར་གྱི་མཚན་ཉིད་ནི་མི་མཐུན་
པའི་ཕྱོགས་ལ་ལྡོག་པའི་ཚུལ།
ངོ་བོ་ཉིད་ནི་རྟགས་ཀྱིས་མཚོན་པར་བྱ་བྱ་བའོ།
དེ་ལ་རང་གི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་མཁྱེན་པ་གསུམ་ཆོས་་
ཅན་ན་ནོ།
གཞན་གྱི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་སྐྱེས་བུ་ཆོས་་
ཅན་ན་ནོ།
རྟགས་དང་རྟགས་ཀྱིས་མཚོན་པའི་སྦྱོར་བ་ལྔས་ནི་ཐར་པའི་ཆ་དང་་
མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན་པའི་སྐྱེས་བུ་་་་
ལས་འབྱུང་བས་ཐར་པའི་ཆ་དང་མཐུན་པ་ད་ང་།
ངེས་པར་འབྱེད་པ་བསྟན།
དེ་ལ་ཡོངས་སུ་ཚོལ་[༤]བའི་དུས་ནི་མཚན་ཉིད་ཤེས་པ་ཙམ་ཡིན་ལ། རྟགས་དང་
རྟགས་ཅན་ལས་སྦྱོར་བ་སྐྱེས་པར་ཤེས་པ་ནི་ཐར་པའི་ཆ་
དང་མཐུན་པ་ད་ང་།
62---9གྱ7

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*