www.dharmabook.ru tibetan OCR



དང་ཆོས་མཐུན་པར་བསྟན་ནས། ནང་གི་རྒྱུ་དང་ཆོས་མཐུན་པར་བསྟན་པའི་
ཕྱིཕྱིར༑
སེམས་ཅན་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་
རྣམས་ཀྱི་ཐ་མ་འབྲིང་དང་མཆོག་གྱུར་པ་ཉིད་ནི་གོ་རིམས་[༡]བཞིན་དུ་ངན་སོང་
དང་མི་དང་ལྷའི་འགྲོ་བ་ཐ་དད་
པའི་ཕྱིར་ད་ང་དབང་པོ་ཐ་དད་པའི་ཕྱིར་ར་རོ།
མ་རིག་པ་ནི་གང་ཟག་ལ་སོགས་པར་དམིགས་པ་ཡིན་ཏེ་རིག་པ་དང་འགལ་བའི་
ཕྱིར་ར་རོ།
སེམས་ཅན་འདི་དག་ཐམས་ཅད་ནི་དེ་ལས་བྱུང་བ་ཡིན་ཞེས་བྱ་བར་
སྐབས་དང་སྦྱར་ཏེ།
རྗེས་སུ་ཆགས་པ་ད་ང་ཁོང་ཁྲོ་བ་མེད་པར་ནི་ཐམས་ཅད་དུ་
འཇུག་
པ་དང་ལྡོག་པ་མེད་པའི་ཕྱིར་ལ་དེ་གཉིས་ཀྱང་ལོག་པར་དམིགས་པ་ལས་་
བྱུང་བའི་ཕྱིར་དང་བདག་ཉིད་ཀྱང་ཕྱིན་ཅི་[༢]ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་
སྙམ་དུ་དགོངས་པ་ཡིན་ནོ།
དེའི་ཕྱིར་རྐྱེན་རྣམས་ཚོགས་ཤིང་རྐྱེན་ལ་རག་ལས་
ནས་འབྱུང་ངོ་ཞེས་བཤད་ཀྱི་རྟག་པ་ཡང་མ་ཡིན་ལ་རྒྱུ་
མེད་པ་ཅན་མ་ཡིན་ཏེ་རེས་
འགའ་བ་ཡིན་པའི་ཕྱིར་ར་རོ།
སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོའི་མཚན་་
ཉིད་ད་དོ།
དེ་ཡང་བྱེད་པ་པོ་མེད་ཀྱང་འཁྲུལ་འཁོར་བཞིན་དུ་བྱ་བ་དེ་དང་དེ་ལ་
འཇུག་པ་མཐོང་བའི་ཕྱིར་ཏེ།
དེ་ལ་མ་རིག་པ་ལས་མ་གཏོགས་པ་རྒྱུ་གཞན་ནི་
མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། འཁྲུལ་འཁོར་དེ་ནི་ཟད་མེད་ཅེས་པ་ནི་མ་
རིག་པའི་བདག་ཉིད་ད་དོ།
ཕུང་པོ་ལ་དམིགས་པས་མངོན་པར་ཞེན་པ་ནི་རིགས་
མཐུན་པ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་འཁྲུལ་འཁོར་ལྟ་བུ་ཡིན་ལ་དེ་ཡང་རྟག་ཏུ་
དེའི་བདག་ཉིད་ཁོ་ནར་འབྱུང་བའི་ཕྱིར་ཟད་པ་མེད་དོ།
དངོས་ཀྱི་མཇུག་བསྡུ་
བའི་ཕྱིར་
ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་
ཤེས་ལ་སོགས་པའོ།
ཚུལ་ནི་བསྒོམ[༢]པའི་ལམ་མ་མོ། སྒོ་ནི་མཐོང་བའི་ལམ་མ་མོ།
ཐབས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ས་སོ། རྩ་བ་ནི་དེ་དག་གི་
52---1142

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*