www.dharmabook.ru tibetan OCR



ཤེས་མེད་པ་ད་ང་། གཉིས་མ་ཡིན་པའི་འདུ་ཤེས་མེད་པ་ད་ང་། སེམས་མ་་
ཡིན་པ་དང་།
སེམས་ལས་གཞན་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའི་
སེམས་ཅན་དེ་དག་ནི་བདུད་ཀྱི་གནས་
རྣམ་པར་འཇིག་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་་
གསུངས་པ་ལྟ་བུའོ།
འདིར་སྨྲས་པ། རང་གི་དོན་ཕུན་ སུམ་ཚོགས་པ་ཐོབ་
པ་ཉོན་མོང་ས་པའི་
ཆ་ཤས་མ་ལུས་པར་སྤངས་པ་རྣམས་ནི་ཇི་སྐད་སྨྲས་པ་དེ་ད་ག་
རུང་གི
གང་དག་གིས་[༢]སྟོབས་བསྐྱེད་པ་མ་ལུས་པ་དེ་དག་ནི་རང་ཉིད་སྲིད་པ་
དག་དང་།
སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་བཞིན་པ་ན་
ཇི་ལྟར་གཞན་དག་བསྒྲལ་བ་ད་ང་།
དགྲོལ་བ་དང་། མངོན་པར་བྱང་ཆུབ་
པར་བྱ་བ་དང་།
 ཡོངས་སུ་མྱ་ངན༐ལས་བཟླ་[༢]བ་བཟོད་པར་འགྱུར་ཞེ་ན།
དེའི་ཕྱིར་དེའི་ལན་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས། གཞན་དོན་བྱེད་ལས་
བྱུང་བ་ཡི།
དགའ་བས་སེམས་དགའ་མཁས་པ་དག རལ་གྲི་རབ་ཏུ་འབར་
འདྲ་བའི།
སྲིད་པ་དག་གིས་གནོད་མི་འགྱུར། ཞེས་བྱ་བ་སྨྲས་ཏེ། སྦྱིན་
པ་དང་།
སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ཉིད་ལ་
སོགས་པས་[༤]འཇིག་རྟེན་ལ་ཕན་འདོགས་པས་མཁས་པ་དག་ནི་རལ་གྲི་རབ་ཏུ་
འབར་བ་དང་འདྲ་བའི་སྲིད་པ་འདོད་པ་དང་།
གཟུགས་དང་གཟུགས་མེད་པ་
ཞེས་བྱ་བ་ད་ག་གིས་[༥]
གནོད་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
དེ་དག་ནི་གཞན་གྱི་དོན་བྱེད་པ་ལས་བྱུང་བའི་དགའ་བས་ལུས་དང་སེམས་ཀྱི་རྒྱུད་
ད་གའ་བར་གྱུར་ཅིང་བྱང་ཆུབ་ཀྱང་གཞན་གྱི་དོན་ཁོ་ནའི་ཕྱིར་འདོད་པ་དང་།

སྲིད་པ་ཉེ་བར་བླང་བའི་ཕྱིར་ལས་མངོན་པར་འདུ་མི་བྱེད་པ་དང་། སྲིད་པའི་
སྲིད་པ་དང་བྲལ་བའི་ཕྱིར་དེ་དག་གིས་གནོད་པར་མི་འགྱུར་བའི་ཕྱིར་ར་རོ།
སྙིང་
གླ
8---116

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*