www.dharmabook.ru tibetan OCR



པར་བྱེད་དོ། ད་བུ་མའི་སྙིང་པོའི་[༡]འགྲེལ་པ་རྟོག་གེ་འབར་བ་ལས་ཐུབ་པའི་
བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པའི་ལེའུ་སྟེ་གཉིས་པའོ།

ད་ནི་དེ་ཉིད་ཤེས་པ་ཚོལ་[༢]བའི་སྐབས་སུ་བབ་པས་དེ་བསྟན་པའི་ཕྱིར་ལེའུ་
གསུམ་པ་བརྩམ་པའི་དབང་དུ་བྱས་ནས། གང་ལ་ཤེས་པའི་མིག་ཡོད་པ། དེ་
ལ་མིག་ཡོད་གཞན་མ་ཡིན།
དེས་ན་གང་ཕྱིར་བློ་ལྡན་དག དེ་ཉིད་ཤེས་པ་
ཚོལ་[༢]ལ་
བརྩོན། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་པའི་ངོ་བོ་ཉིད་ནི་
མིག་ཡིན་ཏེ།
འད་ས་པ་དང་། མ་འོང་ས་པ་ད་ང་། ད་ལྟར་ད་ང་། ཐག་
རིང་བ་ད་ང་།
ཉེ་བ་དང་། རགས་པ་དང་། ཆ་[༢]ཕྲ་བའི་དངོས་པོ་དག་ལ་
ཐོགས་པ་མེད་པར་འཇུག་པའི་ཕྱིར་ར་རོ།
གང་ལ་ཤེས་པའི་མིག་དེ་ཡོད་པ་དེ་ལ་
ནི་མིག་ཡོད་པ་ཡིན་ན་ནོ།
གཞན་མ་ཡིན་ཞེས་བྱ་བ་ནི་ཤའི་མིག་ནི་ཧ་ཅང་ཉེ་བ་
ད་ང་རིང་བ་ད་ང་
ད་བང་པོ་ལས་འད་ས་པ་ལ་སོགས་པའི་དངོས་པོ་དག་ལ་ལོང་བ་[༢]
འདྲ་བས་དེ་ཡོད་དུ་ཟིན་ཀྱང་ཅི་ལ་ཡང་མི་ཕན་པས་དེ་ཡོད་ཀྱང་མིག་དང་ལྡན་པ་
མ་ཡིན་ནོ།
དེས་ན་གང་གི་ཕྱིར་བློ་ད་ང་ལྡན་པ་དག་ནི་ཤའི་མིག་ངན་པ་དེ་ཚོལ་[༦]
བ་སྤངས་ཏེ།
དེ་ཉིད་ཤེས་པ་ཚོལ་[༧]བ་ལ་བརྩོན་པར་བྱེད་དོ། དོན་དེ་ཉིད་་
བསྟན་པའི་ཕྱིར་བློ་ལྡན་འཇིག་རྟེན་གསུམ་པོ་དག
ཐོགས་མེད་མཐོང་བ་ལོང་
བས་ཀྱང་།
བལྟ་འདོད་ཐག་རིང་ཆ་ཕྲ་དང་། བསྒྲིབས་པའི་དོན་ཡང་
མཐོང་བར་
འགྱུར། ཞེས་བྱ་བ་སྨྲས་ཏེ། ཤེས་པའི་མིག་གི་བློ་དང་ལྡན་པ་
འཇིག་རྟེན་གསུམ་པོ་
དག་ཐོགས་[༨]པ་མེད་པར་མཐོང་བ་ནི་ཤའི་མིག་ཉམས་ཤིང་
ལོང་བས་ཀྱང་བལྟ་བར་འདོད་པ།
ཐག་རིང་བ་དཔག་ཚད་སྟོང་དག་དང་།
ཆ་ཕྲ་བ་རྡུལ་ཕྲན་ལྟ་བུ་དང་། བསྒྲིབས་པའི་དོན་གྱི་དངོས་པོ་ཡང་མིག་དང་་
གླ
8---13ཏྲ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*