www.dharmabook.ru tibetan OCR



པ་རབ་རིབ་ཀྱི་རིམ་པ་མ་ལུས་པ་རྣམ་པར་བསལ་བ་ཐམས་ཅད་མཁྱེན་པའི་གནས་
ས་སོ༑
དེའི་ཐོག་ཏུ་འཛེག་པ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའི་ཛེམ་སྐས་
བསྐལ་པ་གྲངས་མེད་པ་བདུན་པོ་དག་ཏུ་སྤྱད་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་ད་ང་།

ད་བང་དང་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པས་གྱ་ཚོམ་ཁོ་ནར་ནུས་པར་
རུང་བ་མ་ཡིན་ཏེ།
བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་མེད་་་་་
པར་དོན་དམ་པར་རྟོགས་པར་མི་ནུས་ཞེས་གསུངས་ས་སོ།
གང་གི་ཕྱིར་དེ་ལྟ་ཡིན་
པ་དེའི་ཕྱིར་དང་པོར་ཀུན་རྫོབ་ཀྱི་བདེན་པ་བློ་གྲོས་ཀྱིས་[༢]རབ་ཏུ་རྣམ་པར་དབྱེ་
བར་བྱའོ།
ཀུན་རྫོབ་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་
པར་འབྱེད་པའི་དོན་གྱིས་ཏེ།
འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ་ལོག་པའོ།
དེ་ཉིད་བདེན་པ་སྟེ། རྣམ་པར་གཞག་[༢]ིཔ་ཐམས་ཅད་ལ་འགྲོ་བའི་ཚད་མ་ཡིན་
པའི་ཕྱིར་རོ།
དེ་ལ་དང་པོར། གཟུགས་ནི་རྣམ༐གཉིས་རྣམ་པ་[༤]ཉི་ཤུ་ཞེས་
བྱ་བ་ལ་སོགས་
པ་དང་། དེ་བཞིན་དུ་ཡིག་འབྲུ་དང་བསྟན་བཅོས་དང་ལག་རྩིས་
དང་ཤོད་ཐབས་དང་།
ནོར་བརྒྱུད་པའི་རྒྱུད་ད་དང་། སྨན་དཔྱད་[༥]ད་ང་།
རྩིས་དང་། གསང་སྔགས་ད་ང་། རིག་སྔགས་ལ་སོགས་པ་གང་དག་འཇིག་
རྟེན་ན་གྲགས་པ་དག་རབ་ཏུ་རྣམ་པར་དབྱེ་བ་བྱས་ནས་དེའི་འོག་ཏུ་
ཆོས་རྣམས་
ཀྱི་རང་བཞིན་[༦]དང་
སྤྱིའི་མཚན་ཉིད་ལ་ཤིན་ཏུ་རྣམ་པར་ངེས་པར་འགྱུར་ཏེ།
དེའི་ཕྱིར་དེས་ནི་མཚན་ཉིད་མེད་པ་དོན་དམ་པའི་རྗེས་ལ་ཐོབ་པ་དག་པ་འཇིག་
རྟེན་པའི་ཤེས་པའི་སྤྱོད་ཡུལ་ཡང་དག་པའི་
ཀུན་རྗོབ་ཀྱི་རབ་ཏུ་རྣམ་པར་ད་བྱེ་བ་
བསྟན་ཏོ།
དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བ་དང་།
མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་།
རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའོ། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་
58---142

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*