www.dharmabook.ru tibetan OCR



མ་ཡིན་པར་གནས་སོ། ལུང་གི་སྒོ་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ནང་གི་སའི་
ཁམས་གང་ཡིན་པ་དང་།
ཕྱི་[༡]རོལ་གྱི་སའི་ཁམས་གང་ཡིན་པ་དེ་ནི་དེ་བཞིན་
གཤེགས་པས་གཉིས་སུ་མེད་པའི་དོན་དང་།
གཉིས་སུ་མེད་པ་དང་། གཉིས་
སུ་བྱར་མེད་པ་དང་།
འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་
པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བཀའ་སྩལ་ཅིང་།
དེ་བཞིན་དུ།
བློ་ཡིས་རྣམ་པར་དཔྱད་[༢]པ་ན། གང་ཕྱིར་དངོས་ཉིད་གཟུང་མེད་པ། དེ་་་
ཕྱིར་དབྱུང་[༢]བ་མེད་པ་དང་།
ད་ངོས་ཉིད་མེད་པར་ང་སྨྲའོ། ཞེས་གསུངས་
སོ༑
འདིར་ཆོས་མངོན་པ་པ་[༤]ད་ག་གིས་སྨྲས་པ། འབྱུང་བའི་བྱེ་བྲག་རྣམས་
ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ན་ནོ།
དེ་དག་རྒྱུར་བྱས་ནས་ཁ་དོག་དང་དབྱིབས་
ཀྱི་བདག་ཉིད་ཀྱི་གཟུགས་རྣམ་པ་ཉི་ཤུ་འབྱུང་བའི་ཕྱིར་ཏེ།
འདི་ན་གང་ངོ་བོ་་
ཉིད་མེད་པ་ནི་དེ་རྒྱུར་བྱས་ནས་ཅི་ཡང་མི་འབྱུང་སྟེ།
དཔེར་ན་རི་བོང་གི་རྭ་་་་
ད་ག་བཞིན་ན་ནོ།
འབྱུང་བ་ནམས་རྒྱུར་བྱས་པ་ལས་ནི་ཁ་དོག་དང་། དབྱིབས་
ཀྱི་བདག་ཉིད་ཀྱི་གཟུགས་གང་མིག་གིས་གཟུང་བར་བྱ་བ་ད་ག་འབྱུང་སྟེ།
དེའི་
ཕྱིར་འབྱུང་བ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན།
འདིར་བཤད་པ།
ཀུན་རྫོབ་ཏུ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་
ཀུན་ནས་བསླང་བ་དེ་ཡོད་པ་ཁོ་ན་ཡིན་ཏེ།
དེ་[༥]ཡང་བྱིས་པ་རྣམས་ནི་སྒྱུ་མ་་་
ད་ང་སྨིག་རྒྱུ་དང་།
དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལ་ལྟ་བ་བཞིན་དུ་ལྟ་བ་རྣམ་་
པར་རྨོངས་ལ།
འཕགས་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་འཇིག་
རྟེན་པའི་རྣལ་འབྱོར་པ་ནམ་
མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་
མཐའ་ཡས་སྐྱེ་མཆེད་ད་ང་།
ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་
སྒོམ་[༦]པ་ལ་གནས་པ་དག་ཀྱང་རེ་ཞིག་གཟུགས་ཀྱི་འདུ་ཤེས་དང་།
ཐོགས་[༡]
གླ8---162

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*