www.dharmabook.ru tibetan OCR



རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། ཡང་ན་སེམས་བཞིན་ཤེས་པར་བྱ།
ཞེས་ཇི་ལྟར་རིགས་པའི་སྦྱོར་བས་བཀག་པ་ཁོང་དུ་ཆུད་པར་བྱའོ། སྒྲ་དང་དྲི་
ད་ང་རོ་དང་རེག།
དགག་པའི་ཚུལ་ཡང་[༡]དེ་ཡིན་ན་ནོ། ཞེས་བྱ་བ་ལ་སྒྲ་ནི་
རྣམ་པ་གསུམ་སྟེ།
ཟིན་པ་དང་། མ་ཟིན་པ་དང་གཉི་གའི་འབྱུང་བ་ཆེན་
པོའི་རྒྱུ་ལས་བྱུང་བའོ།
དྲི་ཡང་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང་། དྲི་མི་
ཞིམ་པ་དང་།
དྲི་མི་མཉམ་པའི་བྱེ་བྲག་ལས་ས་སོ། རོ་ནི་རྣམ་པ་དྲུག་སྟེ།
མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། ལན་ཚྭ་དང་། ཚ་བ་དང་།
བསྐ་[༢]བ་ཞེས་བྱ་བའོ། རེག་པ་ནི་རྣམ་པ་བཅུ་གཅིག་སྟེ། ལྕི་བ་དང་།
ཡང་བ་དང་། གྲང་བ་ད་ང་། འཇམ་པ་དང་། རྩུབ་པ་དང་། བཀྲེས་པ་
དང་།
སྐོམ་པ་ད་ང་། འབྱུང་བ་ཆེན་པོ་བཞི་པོ་དག་གི་བྱེ་བྲག་ལས་ས་སོ། དེ་
དག་དགག་པའི་ཚུལ་ཡང་དེ་ཡིན་ཏེ།
ཇི་ལྟར་ཞེ་ན། གང་ཕྱིར་སྒྲ་ནི་དོན་
ད་མ་དུ།
རྣ་བའི་ད་བང་པོའི་གཟུང་བ་མིན། བསགས་ཕྱིར་དཔེར་ན་གཟུགས་
བཞིན་དང་།
འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། ཞེས་ཇི་ལྟར་རིགས་པའི་སྦྱོར་
བ་དེས་བཀག་པར་ཁོང་དུ་ཆུད་པར་བྱའོ།

ད་བུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཞི་པ། འདིར་
སྨྲས་པ།
གཟུགས་ནི་མིག་གི་ཡུལ་ཁོ་ན་ཡིན་ཏེ། བྱེད་པ་པོ་ད་ང་ལས་ཀྱི་ཐ་
སྙད་ཡོད་པའི་ཕྱིར་དཔེར་ན་རལ་གྲིས་བཅད་པ་གཅོད་པ་བཞིན་ན་ནོ།
མིག་ལ་
ཡང་བྱེད་པ་པོའི་ཐ་སྙད་
ཡོད་དེ། མིག་གིས་[༤]གཟུགས་རྣམས་མཐོང་ངོ་ཞེས་
ཟེར་བའི་ཕྱིར་ར་རོ།
དེའི་བལྟ་[༢]བར་བྱ་བ་གཟུགས་ནི་ལས་ཡིན་ན་ནོ། དེའི་ཕྱིར་
གཟུགས་ནི་མིག་གིས་བལྟ་བར་བྱ་
བ་ཁོ་ན་ཡིན་པས་དེ་ཡང་ཡོད་པ་ཡིན་ནོ་ཞེ་ན།
འདིར་བཤད་པ། གལ་ཏེ་མིག་བྱེད་པ་པོ་ཉིད་ཡིན་པར་འཐད་ན་ནི་གཟུགས་
གླ8---166

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*