www.dharmabook.ru tibetan OCR



འཇིག་རྟེན་མི་འཇུག་པ། དེ་ནི་ད་མ་པའི་བདེན་པའོ། ཞེས་གསུངས་སོ།
འདིར་གྲངས་ཅན་དང་བྱེ་བྲག་པ་དག་གིས་སྨྲས་པ། འདིས་མཐོང་ངོ་ཞེས་ལྟ་
བའི་བྱེད་པ་ལ་འདིས་ཞེས་བྱ་བར་
བརྫོད་པས་ལྟ་བའི་བྱེད་པ་མིག་གིས་ལྟ་བ་པོས་
མཐོང་སྟེ།
དཔེར་ན་སྟ་རེས་གཅོད་དོ་ཞེས་བྱ་བ་ཡང་སྟ་རེ་འབའ་ཞིག་གིས་
གཅོད་པར་མི་བྱེད་
དེ[༡]། འོ་ན་ཇི་ལྟ་[༢]བུ་ཞེ་ན། བྱེད་པ་སྟ་རེས་བཅད་པ་པོ་
མི་གཅོད་པ་ཤིང་གཅོད་པ་དེ་བཞིན་དུ་མི་[༢]འབའ་ཞིག་གིས་མཐོང་བ་མ་
ཡིན་ཏེ།
འོ་ན་ཇི་ལྟ་བུ་ཞེ་ན། བྱེད་པ་མིག་གིས་ལྟ་བ་པོ་མིས་བལྟ་བར་བྱ་བ་གཟུགས་ལ་
ལྟ་བར་བྱེད་དོ་ཞེ་ན།
དེ་དག་གི་ཕྱིར་བཤད་པ། དེ་བཞིན་ལྟ་པོ་མིག་མེད་པ།
དཔེ་ཡང་མེད་པས་མཐོང་མ་ཡིན། ཞེས་བྱ་བ་ནི་མིག་གིས་མཐོང་བ་བཀག་པ་
དེ་བཞིན་དུ་ལྟ་བ་པོས་མཐོང་བ་ཡང་དགག་པར་བྱ་[༤]སྟེ།
ཇི་ལྟར་ཞེ་ན། འདི་
ན་[༥]གཟུགས་མཐོང་བ་ལས་རྗེས་སུ་དཔགས་ནས་
ལྟ་བ་པོ་ཞེས་བྱ་ན། གཟུགས་
མཐོང་བ་དེ་ཡང་མིག་དང་།
གཟུགས་དང་། ནམ་མཁའ་དང་། སྣང་བ་
དང་།
 ཡིད་ལ་བྱེད་པ་དག་ཚོགས་ན་ཡོད་པར་འགྱུར་བ་ཡིན་པས། དེའི་ཕྱིར་
ལྷས་བྱིན་ཞེས་བྱ་བ་ལྟ་བུ་ཚོགས་པ་ཉིད་ལ་ལྟ་བ་པོ་ཞེས་བྱ་བར་རིགས་ཀྱི་གཞན་
མིག་མེད་པ་[༦]བུམ་པ་ལ་སོགས་པ་ལྟ་བུ།
ད་པེར་ན་མིག་ཀྱང་མཐོང་ངོ་ཞེས་བྱ་་
བའི་དཔེ་ཡང་མེད་པས་མཐོང་བར་མི་རིགས་ས་སོ།
ལྟ་བ་པོ་མིག་མེད་པ་དེ་ཡང་
ལྟ་བ་པོའི་ངོ་བོ་ཉིད་གཅིག་ཡིན་ཏེ།
ད་པེར་ན་གྲངས་ཅན་དག་ན་རེ། ཤེས་
པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་ད་དེ།
ཡོངས་སུ་ལྟ་བར་བྱེད༐པ་པོ་[༧]ཞེས་
ཟེར་བ་ལ་སོགས་པ་ལྟ་བུ་ཞིག་གམ།
འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞིག་
ཡིན་ཏེ།
དཔེར་ན་བྱེ་བྲག་པ་ད་ག་ན་རེ། ཤེས་པ་ཡོད་པ་ཉིད་ནི་ཡིད་ཙམ་དུ་
ཟད་ལ།
སྐྱེས་བུ་ནི་ནམ་མཁའ་དང་འདྲ་བར་ཐམས་ཅད་དུ་སོང་བ་སེམས་པ་
བྱ
8---169 

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*