www.dharmabook.ru tibetan OCR



དབང་པོ་ནི་ཡུལ་ད་ང་ཕྲད་པར་བྱེད་ད་དོ། དབང་པོ་དང་ཕྲད་པའི་ཡུལ་ལ་ཡིད་
ཀྱིས་[༡]རྗེས་སུ་གཅོད་པར་བྱེད་ད་དོ།
ཡིད་ཀྱིས་བཅད་པ་ལ་ང་རྒྱལ་གྱིས་རློམ་པར་
བྱེད་ད་དོ།
ང་རྒྱལ་གྱིས་ལོམ་པ་ལ་བློས་སེམས་པར་བྱེད་དོ། བློས་བསམས་་
པའི་ཡུལ་དེ་སྐྱེས་བུ་ལ་སྣང་བར་འགྱུར་ཏེ།
དཔེར་ན་ཆུ་རྙོག་པ་མེད་པ་ཉེ་བར་
གནས་པ་ཙམ་གྱིས་ཕན་འདོགས་པར་གནས་པའི་ནང་དུ་ཟླ་བའི་གཟུགས་ཀྱི་་
གཟུགས་བརྙན་ཤར་བ་ལ་བལྟ་བ་ལ་སོགས་པའི་ཐ་སྙད་དུ་བརྗོད་པ་ཡོད་པ་
དི་
བཞིན་དུ་
སྐྱེས་བུའི་རྫས་ངེས་པར་གནས་པ་ཉིད་ལ་ཆོས་གཞན་འབྱུང་བ་དང་།
ཆོས་གཞན་འགག་པ་ན་སྐྱེས་བུའི་ངོ་བོ་ཉིད་ཉམས་པར་ཡང་མི་འགྱུར་ལ། རང་
བཞིན་ད་ང་བྲལ་བར་ཡང་མི་འགྱུར་བས་དེའི་ཕྱིར་སྐྱེས་བུ་ནི་མི་རྟག་པ་ཡང་མ་་
ཡིན་ལ།
ངོ་བོ་ཉིད་མེད་པ་ཡང་མ་ཡིན། དུ་མ་ཡང་མ་ཡིན་ཞིང་བྱེད་པ་མ་་་
ཡིན་པ་ཡང་མ་ཡིན་ནོ་ཞེ་ན།
འདིར་བཤད་པ། དེ་ནི་ལྟ་[༢]པོ་ཉིད་མི་རིརིགས།
མིག་ལ་སོགས་པ་ལྟོས་པའི་ཕྱིཕྱིར། ཡིད་བཞིན་ཡོངས་སུ་འགྱུར་ཕྱིར་ད་ང་།
དེ་བཞིན་གཟུགས་བརྙན་འཆར་ཕྱིར་ར་རོ། ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བ་པོའི་
ངོ་བོ་ཉིད་ཡིན་པར་གྱུར་ན།
བྱེད་པོའི་ཚོགས་ད་ག་ལ་མི་ལྟོས་པ་ཁོ་ནར་རིགས་
ས་སོ༑
དེ་མི་རྟག་པ་ཡང་ཡིན་ཏེ། ཡོངས་སུ་འགྱུར་བའི་ཕྱིར་འོ་མ་ལ་
སོགས་པ་བཞིན་ན་ནོ།
དེ་ལྟ་པོ་ཉིད་ཡིན་པར་མི་རིགས་ཏེ། གཟུགས་བརྙ་ན་་་
འཆར་བའི་ཕྱིར་བཞིན་གྱི་གཟུགས་བརྙན་འཆར་བའི་ཆུ་བཞིན་ན་ནོ།
ཡིད་ཇི་ལྟ་
བ་བཞིན་དུ་ལྟ་བ་ཡང་འདོད་ན།
དེ་ཡང་མི་རིགས་ཏེ། གང་གི་ཕྱིར་མིག་ལ་
སོགས་པས་མ་མཐོང་བའི་ཡུལ་ལ་ཡིད་ཀྱིས་ཀྱང་མི་འཛིན་པས་དེའི་ཕྱིར་རེ་ཞིག་་་
ཡིད་ཉིད་ཀྱང་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ན།
དེ་དང་འདྲ་བར་བདག་ལྟ་བ་་་
པོར་འགྱུར་བ་ལྟ་ག་ལ་ཡོད་ད་དེ།
དེའི་ཕྱིར་བཤད་པ། ལྟ་པོ་ཇི་ལྟར་ཡིད་དང་
གླ8---172

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*