www.dharmabook.ru tibetan OCR



དོན་དབུ་མ་པ་ལ་མ་གྲུབ་སྟེ། ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱིར་ར་རོ། 
གཏན་ཚིགས་དེའི་དོན་འགལ་བ་ཉིད་དུའང་གྱུར་པ་ཡིན་ཏེ་ས་ལ་སོགས་པ་ངོ་བོ་
ཉིད་མེད་པ་
དག་སྒྲུབ་པ་ལ་མཚན་ཉིད་ཡོད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་
གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པའི་ཕྱིར་རོ།
ཇི་ལྟར་མཚན་ཉིད་མེད་
པ་དེ་ལྟར་འདི་བཤད་ད་དེ།
ས་ཡི་མཚན་ཉིད་ས་ཉིད་ཀྱིས། སྲ་བ་ཉིད་དུ་་
མཚོན་མི་རིརིགས།
ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། མེ་ཉིད་ཀྱིས་ནི་མི་རིགས་
བཞིན༑
ཞེས་བྱ་བ་ནི་གཅིག་པ་ཉིད་འགོག་སྟེ། སའི་མཚན་ཉིད་ནི་ས་ཉིད་
ཀྱིས་[༡]སྲ་བ་ཉིད་དུ་མཚོན་པར་མི་རིགས་ཏེ།
ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་
རྒྱུ་ཡིན་པའི་ཕྱིར་དཔེར་ན་མེའི་མཚན་ཉིད་
མེ་ཉིད་་ཀྱིས་སྲ་བ་ཉིད་དུ་མཚོན་པར་
མི་རིགས་པ་བཞིན་ན་ནོ།
ས་ཉིད་ཀྱིས་[༢]ཞེས་བྱ་བ་ནི་འདི་ལྟར་གྱུར་པའི་མཚན་
ཉིད༐
ཀྱིས་ཏེ[༢]། དཔེར་ན་ཇི་ལྟར་ཁྱོད་ཀྱིས་རིལ་བ་ལས་སློབ་མར་ར་རམ། སློབ་
མ་ལས་མཁན་པོར་མཐོང་ངམ་ཞེས་རིལ་བ་ཐོགས་པའི་སྒོ་ནས་སློབ་མ་ཡིན་པར་་
མཚོན་པའམ།
སློབ་མ་ཁྲིད་པའི་སྒོ་ནས་མཁན་པོ་ཡིན་པར་མཚོན་པ་ལྟ་བུའོ།
འདིར་ནི་ས་ཉིད་ཀྱིས་སའི་མཚན་ཉིད་དེ་དེ་ལྟར་མཚོན་པར་མི་རིགས་ཏེ། གལ་
ཏེ་གཅིག་པ་ཉིད་ཡིན་ན་ས་ཉིད་ལས་ལོགས་ཤིག་ན་གང་གིས་དེ་[༤]མཚོན་པར་བྱེད་
པའི་སྲ་བ་ཉིད་ཅེས་བྱ་བ་ཅི་ཡང་མེད་པའི་ཕྱིར་རོ།
དེ་བཞིན་དུ། གླང་གི་་
མཚན་ཉིད་གླང་ཉིད་ཀྱིས།
ནོག་ད་ང་ལྐོག་ཤལ་སོགས་མི་འདོད། ཁྱད་པར་
ཅན་གྱི[༥]བློས་བརྟག་ཕྱིར།
དཔེར་ན་བོང་བུའི་མཚན་ཉིད་བཞིན། ཞེས་བྱ་
བས་ནི་ཐ་དད་པ་ཉིད་འགོག་སྟེ།
གླང་གི་མཚན་ཉིད་ནི་གླང་ཉིད་ཀྱིས་[༦]ནོག་་
ད་ང་ལྐོག་ཤལ་ལ་སོགས་པ་
ཡིན་པར་མཚོན་པར་མི་འདོད་དེ། ཁྱད་པར་ཅན་གྱི[༧]
བློས་བརྟག་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བོང་བུའི་མཚན་ཉིད་བཞིན་ན་ནོ།

གླ་8---18ཧ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*