www.dharmabook.ru tibetan OCR



པ་ཞིག་གང་དུ་འགྲོ་ན་ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར། གལ་ཏེ་དེ་
འགྲོ་བ་པོའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་དེ་ནམ་ཡང་འགྲོ་བའི་བྱ་བ་དང་བྲལ་་
བར་མི་འགྱུར་རོ།
དེའི་ཕྱིར་འགྲོ་བ་པོ་དེ་ནི་འགྲོ་བར་མི་འདོད་ད་དོ། ཁ་---
ཅིག་འགྲོ་བ་པོ་མ་ཡིན་པར་བྱ་བའི་ཤུགས་ཀྱིས་འགྲོ་བར་འདོད་པ་དེ་ད་ག་ལ་ཡང་།

འགྲོ་པོ་མིན་པར་འགྲོ་མི་རིརིགས། འགྲོ་དང་བྲལ་ཕྱིར་སྔོན་བཞིན་ན་ནོ། ཞེས་
བྱ་བ་སྨྲས་ཏེ།
ངོ་བོ་ཉིད་ཀྱིས་[༡]འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བར་མི་རིགས་ཏེ།
འགྲོ་བ་དང་བྲལ་བའི་ཕྱིར་དཔེར་ན་སྔོན་དང་ཕྱི་མ་ད་ག་ལ་དེའི་ངོ་བོ་ཉིད་མེད་
པའི་ཕྱིར་འགྲོ་བར་མི་རིགས་པ་བཞིན་ན་ནོ།
གཞན་ཡང་གལ་ཏེ་འགྲོ་བ་པོ་མ་
ཡིན་ན་ནི་ཇི་ལྟར་འགྲོ་བ་པོ་ཡིན།
འོན་ཏེ་འགྲོ་བ་པོ་ཡིན་ན་ནི་འོ་ན་དེ་ལྟར་ན་
འགྲོ་བ་པོ་མ་ཡིན་ཞེས་བྱ་བར་འགལ་ལ་ལོ།
རྣམ་གྲངས་ལས་འགྲོ་བ་པོ་ཡིན་པ་་
ད་ང་།
འགྲོ་བ་པོ་མ་ཡིན་པ་ཞིག་འགྲོ་བ་པོ་ཉིད་དུ་ཁས་ལེན་པ་ལ་ནི་འགྲོ་བ་པོ་
ཡིན་པ་ད་ང་།
འགྲོ་བ་པོ་མ་ཡིན་པ་ལས་གཞན་པའི་གསུམ་པ་ནི་མེད་པས་དེ་ལ་
འགྲོ་བ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་ནི་གྱི་ནའོ། གལ་ཏེ་འགྲོ་བ་ནི་ཡོད་པ་
ཁོ་ན་ཡིན་ཏེ།
འགྲོ་བ་པོའི་མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་
ཞེ་ན།
འདུག་པ་པོ་ད་པྱད་པ་ཡང་དེ་ཉིད་ཡིན་ཏེ། ཅི་འགྲོ་བ་པོ་འདུག་གམ་
འོན་ཏེ་
འགྲོ་བ་པོ་མ་ཡིན་པ་འདུག་གྲང་ན་དེ་ལ་རེ་ཞིག་འགྲོ་བ་པོ་ནི་[༢]མི་འདུག་སྟེ།
འགྲོ་བའི་བྱ་བ་ད་ང་མ་[༢]བྲལ་བའི་ཕྱིར་ར་རོ། འགྲོ་བ་པོ་མ་ཡིན་པ་ཡང་མི་འདུག་
སྟེ༑
འགྲོ་བ་དང་བྲལ་བ་ལ་ནི་ཐ་སྙད་དུ་ཡང་འགྲོ་བ་ལས་ལྡོག་པའི་འདུག་པ་
མི་འཐད་
པའི་ཕྱིར་རོ། དེ་གཉིས་ལས་གཞན་པའི་གསུམ་པ་ནི་མེད་པས་དེའི་་
ཕྱིར་འགྲོ་བའི་[༤]མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་་
གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ།
བྱེ་བྲག་པ་དག་གིས་སྨྲས་པ། གང་་
68---1གྱ0 

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*