www.dharmabook.ru tibetan OCR



ཅི་རེ་ཞིག་དྲི་བརྗོད་དུ་མེད་ཀྱང་རྫས་སུ་ཡོད་པ་བཞིན་དུ་གང་ཟག་ཀྱང་བརྗོད་དུ་
མེད་པའི་ཕྱིར་
རྫས་སུ་ཡོད་པར་འགྱུར་རམ། འོན་ཏེ་མོ་གཤམ་གྱི་བུ་དཀར་པོ་་
དང་སྔོན་པོར་བརྗོད་དུ་མེད་པའི་ཕྱིར་རྫས་སུ་མེད་པ་བཞིན་དུ་གང་ཟག་ཀྱང་་་
བརྗོད་དུ་མེད་པའི་ཕྱིར།
རྫས་སུ་མེད་པར་འགྱུར་བ་མ་ངེས་པས་དེ་རྫས་སུ་ཡོད་
པ་ཉིད་ཉམས་ས་སོ།
དེ་ལྟར་ཕུང་པོ་བདག་མེད་ཅི་ང་། སྲོག་མེད་སེམས་ཅན་
ཡོད་མིན་པ།
མཁས་པས་གཟུ་བོའི་བློ་དག་ག་གིས། ཅི་རིགས་པར་ནི་ཤེས་---
པར་བྱ།
ཞེས་བྱ་བ་ནི་གང་ཟག་དགག་པ་དང་འདྲ་བའི་ཕྱིར་རོ། ཞེས་བྱ་---
བར་བསམས་སོ།
དེ་ལ་བདག་ཅེས་བྱ་བ་ནི་གྲངས་ཅན་དང་བྱེ་བྲག་པ་ད་ག་གི་
གཞུང་
ལས་རྒྱུན་དུ་འགྲོ་བའམ། འབྱུང་པོ་ཐམས་ཅད་ཀྱིས་བརྟག་པར་བྱ་བ་་་་་
ཡིན་པའི་ཕྱིར་བད་ག་ཅེས་བྱའོ།
སྲོག་ཅེས་བྱ་བ་ནི་གཅེར་བུ་པ་ད་ག་གི[༡]་གཞུང་
ལས་འཚོ་བའི་དོན་གྱིས་སྲོག་ཅེའོ།
སེམས་ཅན་ཞེས་བྱ་བ་ནི་རྒོལ་བ་ཐམས་ཅད་
ཀྱི་གཞུང་ལས་ཡོད་པའི་དངོས་པོ་ནི་སེམས་ཅན་ནོ་
ཞེ་འམ། འགྲོ་བ་རྣམས་སུ་་
སྦྱོར་བ་ནི་སེམས་ཅན་ནོ་ཞེའོ།
གང་ཟག་ཅེས་བྱ་བ་ནི་གནས་མ་བུའི་སྡེ་པ་དག་
གི་གཞུང་ལས་ཡང་འགྲོ་བ་ལེན་པའི་ཕྱིར་གང་ཟག་ཅེའོ།
བདག་བཀག་པ་་
བཞིན་དུ་སྲོག་དང་གང་ཟག་དགག་པ་ཡང་འདྲ་བར་མཐོང་ནས།
 ལུས་དང་་
ད་བང་པོའི་ཚོགས་རྣམས་ལ།
དེ་ཉིད་དུ་ན་བདག་མེད་འདོད། རྒྱུ་དང་ལྡན་
ཕྱིར་ཀ་བ་བ་བཞིན།
ཡང་ན་བསགས་ཕྱིར་གྲོག་[༢]མཁར་བ་ཞི་ན། ཞེས་བྱ་བ་
སྨྲས་ཏེ།
བདག་མེད་ཅེས་བྱ་བ་ནི་དེ་དག་ལས་བདག་བྲལ་བའི་ཕྱིར་བདག་མེད་
ད་དོ༑
གྲོག་མཁར་བཞིན་ཞེས་བྱ་[༢]ི་ནི་གྲོག་མའི་བྲུན་བཞིན་ནོ་ཞེས་བྱ་བའི་ཐ་
ཚིག་གོ།
མུ་སྟེགས་ཅན་དག་ན་རེ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དྲན་པ་
དང་ངོ་ཤེས་པ་དང་།
ཤེས་པ་སྐྱེ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ལུས་
68---188

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*