www.dharmabook.ru tibetan OCR



ལྕེ་དང་། ལུས་ཞེས་བྱ་བ་དག་ག་གོ། ལས་ཀྱི་དབང་པོ་ལྔ་ནི་ངག་དང་། ལག་
པ་དང་།
རྐང་པ་དང་། རྐུབ་ད་ང་། མདོམས་ཞེས་བྱ་བ་དག་ག་གོ། ཡིད་
ནི་བློ་ད་ང་ལས་ཀྱི་དབང་པོ་ཞེས་བྱ་བའི་གཉི་
གའི་བདག་ཉིད་དོ། དེ་ཙམ་ལྔ་ནི་
ཁྱད་པར་ལྔ་ཞེས་ཀྱང་བྱ་སྟེ།
གཟུགས་དང་། སྒྲ་དང་། དྲི་ད་ང་། རོ་
དང་།
རེག་པ་ཞེས་བྱ་བ་དག་ག་གོ། འབྱུང་བ་ཆེན་པོ་ལྔ་ནི། ས་དང་། ཆུ་
དང་།
 མེ་དང་། རླུང་དང་། ནམ་མཁའ་ཞེས་བྱ་བ་དག་ག་གོ། སྐྱེས་བུ་ནི་
ཤེས་པ་ཡོད་པ་ཉིད་
ཅེས་བྱ་སྟེ། ཉི་ཤུ་རྩ་ལྔ་པའོ། དེ་ལྟར་དེ་དག་ནི་གཅོ་བོ་
ལ་
སོགས་པའོ། སྲོག་ལ་སོགས་པ་ཞེས་བྱ་བ་ནི་གཅེར་བུ་པ་དག་གིས་ཡོང་ས་སུ་
བཏགས་པའི་ཚིག་གི་དོན་དགུ་སྟེ།
སྲོག་ད་ང་། ཟག་པ་དང་། སྡོམ་པ་
དང་།
ངེས་པར་རྒ་བ་ད་ང་། འཆིང་བ་དང་། ལས་དང་། སྡིག་པ་དང་།
བསོད་ནམས་ད་ང་། ཐར་པ་ཞེས་བྱ་བ་དག་ག་གོ། དེ་ལ་སྲོག་ནི་སྲོག་ཅན་གྱི་
སྡེ་ཚན་དགུ་སྟེ།
ས་དང་། ཆུ་དང་། ཤིང་དང་། མེ་དང་། རླུང་ད་ང་།
སྲིན་བུ་དང་། གྲོག་མ་དང་། བུང་བ་དང་། མི་ཞེས་བྱ་བ་དག་ག་གོ། དེ་
དག་ལས་ས་དང་།
ཆུ་དང་། ཤིང་དང་། མེ་དང་། རླུང་རྣམས་ནི་
དབང་པོ་གཅིག་པ་སྟེ།
རེག་པའི་དབང་པོ་དང་ལྡན་པའི་ཕྱིར་ར་རོ། སྲིན་བུ་
དང་།
དུང་དང་། ཉ་ཕྱིས་དང་། སྲིན་བུ་པད་པ་ལ་སོགས་པ་ནི་དབང་པོ་
གཉིས་པ་སྟེ།
རེག་པ་དང་། རོའི་ད་བང་པོ་གཉིས་དང་ལྡན་པའི་ཕྱིར་རོ།
གྲོག་མ་དང་། སྲིན་གྱི་མེ་ལ་སོགས་པ་ནི་དབང་པོ་གསུམ་པ་སྟེ། རེག་པ་དང་།
རོ་ད་ང་། སྣའི་ད་བང་པོ་ད་ང་ལྡན་པའི་ཕྱིར་ར་རོ། བུང་བ་དང་། སྦྲང་བུ་
དང་།
སྦྲང་བུ་མཆུ་རིངས་ལ་སོགས་པ་ནི་ད་བང་པོ་བཞི་པ་སྟེ། རེག་པ་དང་།
རོ་དང་། སྣ་དང་། མིག་གི་དབང་པོ་དང་ལྡན་པའི་ཕྱིར་ར་རོ། མི་དང་།
58---223

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*