www.dharmabook.ru tibetan OCR



དོན་ད་མ་པ་ནི་མ་ཡིན་ནོ། གང་གི་ཕྱིར་ཞེ་ན། ད་ངོས་པོ་རྣམས་ཀྱི་
དངོས་ཉིད་ག་ང་།
ཡང་དག་ཏུ་ན་དངོས་དེ་མེད་། བྱས་ཕྱིར་དཔེར་ན་ཆུ་ཡི་
ནི༑
ཚ་བ་ཉིད་དང་བརྟན་ཉིད་བཞིན། ཞེས་བྱ་བ་ནི་གཞན་དག་གིས་
ད་ངོས་པོ་གང་གི་[༡]ངོ་བོ་ཉིད་གང་རྣམ་པར་བརྟགས་པ་དེ་ནི་ཡང་དག་པར་ན་དེའི་
ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ།
བྱས་པ་ཉིད་ཡིན་པའི་ཕྱིར་དཔེར་ན། ཆུ་ལ་
ལན་འགའ་ཚ་བ་ཉིད་ད་དང་།
བརྟན་[༢]པ་ཉིད་དུ་ཐ་སྙད་གདགས་པ་ཡོད་ཀྱང་དེ་
རྟག་ཏུ་དེའི་ངོ་བོ་ཉིད་ཡིན་པར་
ཤེས་པར་མི་ནུས་པ་བཞིན་ན་ནོ། དེའི་ཕྱིར་དེ་
ལྟར༑
སྒྲུབ་པ་ཇི་སྐད་བསྟན་པའི་མཐུས། དངོས་རྣམས་རང་གི་བདག་ཉིད་
ད་དུ༑
སྐྱེ་བར་འཐད་པ་མ་ཡིན་པས། གཞན་གྱི་དངོས་པོར་མི་སྐྱེ་སྐྱེ་སྟེ། བ་
ལང་བོང་བུར་མ་མཐོང་བཞིན།
ཞེས་བྱ་བ་ནི་དཔེར་ན[༢]། ལྐོག་ཤལ་དང་
མཇུག་མ་ད་ང་
ནོག་མ་ད་ང་། རྨིག་པ་དང་རྭ་ལ་སོགས་པའི་མཚན་ཉིད་ད་ང་ལྡན་
པའི་བ་ལང་ཐལ་ཁུང་ན་འགྲེ་བ་དང་།
དུ་བའི་ཁ་དོག་དང་། སྒྲ་བོ་ཆེ་ད་ང་།
རྨིག་པ་གཅིག་པ་ད་ང་། རྣ་བ་རིང་བ་ལ་སོགས་པའི་མཚན་ཉིད་ད་ང་ལྡན་པའི་
བོང་བུའི་བདག་ཉིད་
དུ་འགྱུར་བར་མ་མཐོང་བ་བཞིན་ནོ། འདིར་རང་གི་སྡེ་པ་
ད་ག་གིས་སྨྲས་པ།
ཁྱོད་ཀྱི་དངོས་པོ་རྣམས་གཞན་ལས་སྐྱེ་བ་འགོག་པར་བྱེད་པ་
ནི་ཁས་བླངས་པ་ཉམས་ཏེ།
བཅོམ་ལྡན་འད་ས་ཀྱིས་མདོ་སྡེ་ལས། རྒྱུའི་རྐྱེན་
དང་།
དམིགས་པའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། བདག་
པོའི་རྐྱེན་ཞེས་བྱ་བ་རྐྱེན་བཞི་པོ་དག་བཀའ་སྩལ་ཏེ།
དེ་ལ་རྒྱུའི་རྐྱེན་ནི་ལྷན་
ཅིག་འབྱུང་བའི་རྒྱུ་ད་ང་སྐལ་བ་མཉམ་པའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་དང་།

ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་རྒྱུ་ལྔ་པོ་དག་ག་གོ།
དམིགས་པའི་རྐེན་ནི་ཆོས་ཐམས་ཅད་དོ། དེ་མ་ཐག་པའི་རྐེན་ནི་སེམས་དང་
གླ་
8---237

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*