www.dharmabook.ru tibetan OCR



བསྒྲུབས་པ་སྐྱེས་པ་ཡིན་པར་མིག་ལ་སོགས་པས་མཐོང་བས་ད་བང་པོ་རྣམས་ཀྱིས་
མཐོང་བ་དེ་ལ་ནི་ཁྱོད་ཀྱིས་སྨྲས་པའི[༡]་གཏན་ཚིགས་དོན་མེད་དེ།
གང་གི་ཕྱིར་
ཞེ་ན།
མཐོང༐བ་ལས་[༢]ལྷག་པའི་ཚད་མ་གཞན་མེད་པའི་ཕྱིར་ཏེ། གང་ཞིག་
བ་ལང་
ལ[༢]ིརྭ་མེད་དེ། སྲོག་ཆགས་ཡིན་པའི་ཕྱིར་རྟ་བཞིན་ནོ་ཞེས་ཟེར་བ་དེ་
ལ་མངོན་སུམ་གྱི་གནོད་པར་འགྱུར་བ་བཞིན་དུ་ཁྱོད་ལ་ཡང་[༤]རེ་ཞིག་དེ་བཞིན་དུ་
འགྱུར་རོ།
 དེ་བཞིན་དུ་རི་ཁྲོད་པ་ཡན་ཆད་དང་གདོལ་པ་ཡན་ཆད་དང་བ་་་
ལང་རྫི་ཡན་ཆད་ལ་ཡང་འདི་ལྟ་སྟེ།
བུམ་པ་ལ་སོགས་པ་དག་སྐྱེས་པར་གྲགས་
པས་དེའི་ཕྱིར་ཁྱོད་ལ་གྲགས་པའི་གནོད་པར་ཡང་འགྱུར་རོ་ཞེ་ན།
འདིར་་་་
བཤད་པ།
བུམ་པ་ལ་སོགས་སྐྱེ་བ་དག བྱིས་པའི་བློ་དང་མཐུན་མཐོང་བ།
གང་ཕྱིར་དེ་ནི་མི་འགོག་པས། དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད། ཅེས་བྱ་བ་ནི་
བུམ་པ་ལ་སོགས་པའི་
སྐྱེ་བ་བདག་དང་གཞན་དང་གཉི་ག་ད་ང་རྒྱུ་མེད་པ་དང་།
ཡོད་པ་དང་མེད་པ་ལ་སོགས་པ་ད་པྱད་པ་དང་བྲལ་བ་སྒྱུ་མ་དང་སྨིག་རྒྱུ་དང་།
དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྐྱེ་བ་སྣང་བ་ལྟ་བུའི་[༥]བྱིས་པའི་སྐྱེ་བོའི་བློ་དང་་
མཐུན་པར་མཐོང་བ་དེ་ནི་
ཀུན་རྫོབ་ཀྱི་ཚུལ་དུ་ཡོད་པས་བྱིས་པའི་བློ་དང་མཐུན་་
པར་མཐོང་བ་དེ་ནི་མ་བཀག་སྟེ།
འདི་ལྟར་དོན་ད་མ་པ་པའི་བློ་རྟོག་པའི་སྐྱོན་་
གྱི་[༦]དྲི་མ་མ་ལུས་པ་སྤོང་
བར་བཟོད་པས་བརྟགས་ན་མི་རིགས་པར་བསྟན་པས་
དེའི་ཕྱིར་མངོན་སུམ་དང་གྲགས་པའི་གནོད་
པ་ཇི་སྐད་སྨྲས་པའི་སྐྱོན་མེད་ད་དོ།
དེ་ལྟར་སྤྱིར་ལན་བཏབ་ནས། ད་ནི་ཁྱད་པར་བརྗོད་པར་བྱ་སྟེ། འདི་ལ་་
མངོན་སུམ་དུ༐
སྨྲ་བས་[༧]ནི་རེ་ཞིག་[༨]མངོན་སུམ་གྱི་སྒོ་ནས་[༩]ངེས་པར་བཟུང་[༡༧]ནས་
དེའི་གནོད་པས་བརྒལ་བར་བྱ་བ་ཡིན་ན་མངོན་སུམ་ཡང་ཀུན་རྫོབ་པ་ཡིན་པས་་་་
དོན་དམ་པ་པ་མ་
ཡིན་ནོ། ཇི་ལྟར་ཞེ་ན། གཟུགས་ལ་དམིགས་པའི་བློ་ལ་ནི།
གླ་а----24ཏྲ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*