www.dharmabook.ru tibetan OCR



མི་མཐུན་པ་ཇི་ལྟར་འབྱུང་སྟེ། ཇི་སྐད་དུ། ས་དང་ཆུ་ད་ང་མེ་དང་རླུང་།
ནམ་མཁའ་ལྷན་ཅིག་ཚོགས་པ་ལ། ཏིལ་ལ་ཏིལ་མར་ཡོད་པ་ལྟར། ཤེས་པ་
ཡོད་པ་མ་ཡིན་ནོ།
ཞེས་བཤད་པ་ལྟ་བུའོ། འདིར་ཕ་རོལ་པོ་དག་གིས་སྨྲས་
པ༑
འབྱུང་བ་སེམས་མེད་རྣམས་ལས་ནི། ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། སྐྱེ་
ཅན་ཡིན་ཕྱིར་མྱོས་
མཐུ་དང་། མེ་ཤེལ་ལས་ནི་མེ་བཞིན་ན་ནོ། ཞེས་བྱ་བ་ནི་་
འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་ཤེས་པ༐
ཡོད་པ་[༡]ཉིད་སྐྱེ་སྟེ། ཅིའི་
ཕྱིར་ཞེ་ན།
སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། དཔེ་ཇི་ལྟ་བུ་ཞེ་ན། ཆང་ལས་མྱོས་
པའི་
མཐུ་འབྱུང་བ་ད་ང་། མེ་ཤེལ་ལས་མེ་འབྱུང་བ་དང་། ཆུ་ཤེལ་ལས་ཆུ་
འབྱུང་བ་དང་།
བ་ལང་གི་སྤུ་དང་། ལུག་གི་བལ་ལས་རྩྭ་དཱུར་[༢]བ་འབྱུང་བ་
དང་།
རྭ་ལས༐སྨྱིག་མ་[༢]ིའབྱུང་བ་དང་། ཤིང་ལས་ཐལ་བ་འབྱུང་བ་དང་།
འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་རྒྱུ་ལས་འབྲས་བུ་མཚན་ཉིད་ཤིན་ཏུ་མི་མཐུན་
པ་ད་ག་འབྱུང་བ་བཞིན་ནོ།
དེ་ལ་བཤད་པ། དེ་ནི་མི་རིགས་ཏེ། གང་གི་
ཕྱིར་ཞེ་ན།
མྱོས་མཐུ་ཤེས་ཡོད་མ་ཡིན་པས། ཁྱོད་ཀྱི་ད་པེ་ནི་མེད་པ་ཉིད།
ཅེས་བྱ་བ་ནི་གང་དག་ཁྱོད་ཀྱི་ད་པེར་བསྟན་པ་དེ་དག་ཐམས་ཅད་ལ་ནི་ཤེས་པ་་་་
ཉིད་མེད་པས་
དེའི་ཕྱིར་འབྱུང་བ་ཤེས་པ་མེད་པ་ཉིད་ལ་ཤེས་པ་ཡོད་པ་ཉིད་སྐྱེ་་་་་
བའི་ད་པེ་སྔ་མ་དང་མི་འདྲ་བ་འགའ་ཡང་མེད་པས་ཁྱོད་ཀྱི་[༤]དཔེ་མེད་པ་ཉིད་དོ།

གཞན་ཡང་། རྒྱུ་རྣམས་རིགས་མཐུན་ཡིན་པའི་ཕྱིཕྱིར། གཏན་ཚིགས་ཀྱང་ནི་
འགལ་བ་ཉིད།
ཅེས་བྱ་བ་ནི་རྒྱུ་དེ་དག་ཐམས་ཅད་ནི་རིགས་མཐུན་པ་ཉིད་་་་
ཡིན་ཏེ།
དེའི་ནུས་པ་ཡིན་པའི་ཕྱིར་ར་རོ། གལ་ཏེ་ནུས་པས་སྟོང་པའི་དངོས་པོ་
ཐམས་ཅད་ལས་ཀྱང་འབྲས་བུ་མི་མཐུན་པ་འབྱུང་བར་གྱུར་ན་ན་ནི།
མེ་ཤེལ་ལས་
ཀྱང་ཆུ་འབྱུང་བ་དང་།
ཆུ་ཤེལ་ལས་ཀྱང་མེ་འབྱུང་བར་འགྱུར་བའི་རིགས་སོ།
58---262

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*