www.dharmabook.ru tibetan OCR



མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུད་[༡]ཐ་དད་པ་མ་ཡིན་པའི་བློ་རིགས་་
མཐུན་པ་སྔོན་དུ་སོང་བ་ལས་བྱུང་བ་ཡིན་ཏེ།
བློ་ཡིན་པའི་ཕྱིར་ལང་ཚོ་ལ་་་
སོགས་པའི་གནས་སྐབས་གཞན་གྱི་བློ་བཞིན་ན་ནོ།
ལྡོག་པ་ནི་བུམ་པ་ལྟ་བུའོ།
གལ་ཏེ་འདི་སྐད་ཅེས་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕ་མ་ད་ག་གི་བློ་ཡང་སོ་
སོར་རྒྱུད་[༢]ཐ་ད་ད་པ་མ་ཡིན་ཞིང་རིགས་མཐུན་པ་ཡང་
ཡིན་ལ།་མེར་མེར་པོ་ལ་
སོགས་པའི་བློ་དེ་དག་གི་སྔོན་དུ་སོང་བ་ཡང་ཡིན་པའི་ཕྱིར་རོ་ཞེ་ན།
དེ་ནི་མི་
རུང་སྟེ།
འདིར་བསྒྲུབ་[༢]པར་བྱ་བའི་དོན་ནི་མེར་མེར་པོ་ལ་སོགས༐པའི་བློ་[༤]
ད་ག་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པས་བསྐྱེད༐
པར་སྒྲུབ་[༢]པ་ཡིན་
པས༑
རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔ་མ་གཞན་གང་ཡིན་པ་
དེ་ཉིད་འཇིག་རྟེན་ཕ་རོལ་སྔ་མ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་པ་ཉིད་ད་དོ།

གཞན་ཡང་དགྲ་བཅོམ་པ་མ་ཡིན་པའི་འཆི་བའི་བློ་ཡང་རྒྱུད་ཐ་དད་པ་མ་ཡིན་་་་་་་
པའི་བློ་རིགས་མཐུན་པ་གཞན་གྱི་རྒྱུ་ཡིན་ཏེ།
འདོད་ཆགས་ལ་སོགས་པའི་བག་
ལ་ཉལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་ཕྱིཕྱིར།
དགྲ་བཅོམ་པ་མ་ཡིན་པ་གཞོན་
ནུའི་གནས་སྐབས་ཀྱི་བློ་བཞིན་ན་ནོ།
ཆོས་མི་མཐུན་པའི་དཔེ་ནི་དགྲ་བཅོམ་པའི་
བློ་ཐ་མ་བཞིན་ནོ།
དེའི་ཕྱིར་འཇིག་རྟེན་ཕ་རོལ་ན་ཡང་ཡོད་ད་དོ། ཅི་སྟེ།
འདི་སྙམ་དུ་མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུད་ཐ་དད་པ་མ་ཡིན་པའི་བློ་
རིགས་མཐུན་པ་སྔོན་དུ་སོང་བ་ལས་བྱུང་བ་མ་ཡིན་ཏེ།
བློ་དང་པོ་ཡིན་པའི་
ཕྱིར་ཟག་པ་མེད་པའི་བློའི་
སྐད་ཅིག་མ་ད་ང་པོ་བཞིན་ནོ་ཞེས་བྱ་བར་སེམས་ན་
འདིར་མངལ་ན་གནས་པའི་སྔོན་རོལ་གྱི་བློ་ལ་བློ་དང་པོ་ཡིན་པའི་ཕྱིར་ཞེས་བྱ་བ་
དེ་མིག་ལ་སོགས་པའི་དབང་པོའི་བློ་དང་པོར་འགྱུར་རམ།
འོན་ཏེ་ཡིད་ཀྱི་བློ་་་་
དང་པོར་
འགྱུར་གྲང་ན། དེ་ལ་རེ་ཞིག་མིག་ལ་སོགས་པའི་ད་བང་པོའི་བློ་ནི་དང་[༦]
བྱ8---266

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*