www.dharmabook.ru tibetan OCR



དང་འཇིམ་པའི་གཟུགས་ལ་སོགས་པ་[༡]གཅིག་པ་ཉིད་ད་ང་ཐ་དད་པ་ཉིད་དུ་་
བརྗོད་
པར་བྱ་བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་སེམས་ན་བཤད་པ། བརྗོད་་་
མིན་བུམ་པ་བཞིན་ན་ཡང་།
ཆད་པ་ཇི་ལྟར་སྤོང་བར་འགྱུར། ཞེས་བྱ་བ་ནི་
གཅིག་པ་ཉིད་དང་
ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། བུམ་པ་ད་ང་
འཇིམ་པ་དང་གཟུགས་ལ་སོགས་པ་བཞིན་ན་ཡང་གང་གི་
ཚེ་བུམ་པ་[༢]རབ་ཏུ་ཞིག་
ར་གྱུར་པ་དེའི་ཚེ་ན་ཆད་པ་ཇི་ལྟར་སྤོང་བར་འགྱུར་ཏེ། ངོ་བོ་ཉིད་དེ་ཉིད་་
ཀྱིས་ཡང་སྐྱེ་བ་མེད་པའི་ཕྱིར་ར་རོ།
ཅི་སྟེ་ཡང་འདི་སྙམ་དུ་ལྷ་མ་ཡིན་གྱི་ཕུང་པོ་སྔ་
མའི་རྒྱུ་ལས་བྱུང་བའི་ཕྱིར་ད་ང་།
ལྷས་ལྷའི་ཕུང་པོ་ཡོངས་སུ་འཛིན་པའི་ཕྱིར་་་
གཉི་གའི་བདག་ཉིད་ཡིན་པར་
སེམས་ན། བཤད་པ། ཡིན་དང་མ་ཡིན་ཉིད་
ཡིན་ཡང་།
མྱ་ངན་འདས་ཚེ་གཅིག་འདའ་མེད། ཅེས་བྱ་བ་ནི་རྣམ་པ་
གཉིས་སུ་སྨྲར་ཟིན་ཀྱང་མྱ་ངན་ལས་འདས་པའི་དུས་ན་ཕུང་པོའི་རྒྱུན་ཆད་པས་
ཆད་པའི་མཐའ་གཅིག་ལས་འདའ་བ་མེད་དེ་ཆད་པ་ཁོ་ནར་འགྱུར་རོ།
གཞན་
ཡང་།
གལ་ཏེ་འགགས་པ་སྐྱེ་འགྱུར་ན། དེས་ན་ཇི་ལྟར་རྟག་མ་ཡིན།
འགགས་པ་སྐྱེ་བ་མེད་གྱུར་ན། ཇི་ལྟར་ཆད་སྨྲ་ཉིད་མ་ཡིན། ཞེས་བྱ་བ་ནི།
ལྷ་མ་ཡིན་འགགས་པ་གང་ཡིན་པ་དེ་ལྷའི་ཕུང་པོ་དག་ཏུ་སྐྱེ་བ་ན་[༢]ཅི་སྟེ་སྐྱེ་འམ་
འོན་ཏེ་མི་སྐྱེ།
གལ་ཏེ་སྐྱེ་བར་གྱུར་ན་ནི་དེས་ན་ཇི་ལྟར་རྟག་པ་མ་ཡིན་ཏེ།
འགགས་པར་གྱུར་ཀྱང་ཡང་སྐྱེ་བའི་ཕྱིར་ར་རོ། ཅི་སྟེ་སྐྱེ་བ་མེད་པར་གྱུར་ན་ན་ནི།
ཇི་ལྟར་ཆད་པར་སྨྲ་བ་ཉིད་མ་ཡིན་ཏེ། ལྷ་མ་ཡིན་གྱི་ཕུང་པོ་འགགས་པ་གཏན་
དུ་སྐྱེ་བ་མེད་པའི་ཕྱིར་ར་རོ།
གལ་ཏེ་འདི་སྙམ་དུ་རྒྱུན་ངེས་པར་གནས་པ་ལ་གང་
གི་ཕྱིར་ཕུང་པོ་སྔ་མ་འགགས་
པའི་ཕྱིར། རྟག་པ་ཉིད་མ་ཡིན་ལ་གང་གི་ཕྱིར་
ཕུང་པོ་ཕྱི་མ་སྐྱེ་བའི་ཕྱིར་ནི་ཆད་པ་ཉིད་མ་ཡིན་པར་སེམས་ན།
བཤད་པ།
གླ་8---276

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*