www.dharmabook.ru tibetan OCR



འམ་ས་ལ་འབྱུང་བ་གནས་པར་འགྱུར་བ་ཞིག་ན། འབྱུང་བ་གསུམ་མ་གཏོགས་
པར་སའི་ངོ་བོ་ཉིད་མེད་ད་དེ།
མེ་ལས་ལོགས་ཤིག་ན་བུད་ཤིང་མེད་པ་བཞིན་ན་ནོ།
མེ་ཡང་འབྱུང་བ་གསུམ་འདུས་པ་སྤྱིར་གནས་པ་ཉིད་ལ་དམིགས་པར་ཟད་ཀྱི་མེ་
འབའ་ཞིག་གི་ངོ་བོ་ཉིད་ནི་རྡུལ་ཕྲན་ཙམ་ཡང་མེད་ད་དོ།
གལ་ཏེ་འབྱུང་བ་
གསུམ་མ་གཏོགས་པར་
མེ་འབའ་ཞིག་ཡོད་པར་གྱུར་ན། བུད་ཤིང་མེད་པར་་
ཡང་མེ་དམིགས་པར་འགྱུར་བའི་
རིགས་སོ། དེ་བཞིན་དུ་ཆུ་དང་རླུང་གཉིས་
ཀྱང་[༡]ངོ་བོ་ཉིད་འབའ་ཞིག་པ་མེད་ད་དོ།
གཟུགས་ཀྱི་ངོ་བོ་ཉིད་ཀྱང་དྲི་དང་རོ་
ད་ང་རེག་པ་མ་གཏོགས་པར་མེད་ལ་དེ་དག་གི་ངོ་བོ་ཉིད་
ཀྱང་ཕན་ཚུན་གཅིག་ལ་
གཅིག་མ་གཏོགས་པར་མེད་ད་དོ།
དེ་དག་གཅིག་པ་ཉིད་དང་གཞན་ཉིད་ཀྱང་མ་
ཡིན་ཏེ།
གཟུགས་ཉིད་ཀྱང་[༢]དྲི་དང་རོ་དང་རེག་པ་ཉིད་མ་ཡིན་ཏེ། མཚན་
ཉིད་ཐ་དད་པའི་ཕྱིར་རོ།
གཟུགས་དེ་ད་ག་ལས་གཞན་པ་ཉིད་ཀྱང་མ་ཡིན་ལ།
གཟུགས་ལ་ཡང་དེ་དག་མེད་ད་དེ། དེ་[༢]ད་ག་ལ་ཡང་གཟུགས་མེད་ད་དེ། ཐ་ད་ད་
པ་མ་ཡིན་པའི་ཕྱིར་རོ།
ཐ་དད་པའི་དངོས་པོ་ལས་ཀྱང་ས་ལ་སོགས་པ་དག་
ལས་[༤]གཟུགས་ལ་སོགས་པ་ཐ་དད་དུ་བཀར་ཏེ་དེ་ཉིད་དང་གཞན་ཉིད་ད་དང་།

དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ།
གཟུགས་ལ་སོགས་པ་དག་ཀྱང་ཕན་ཚུན་བློས་རྣམ་པར་ཕྱེ་སྟེ། དེ་ཉིད་དང་
གཞན་ཉིད་ད་ང་དེ་ལ་དེ་དག་ཡོད་པ་དང་།
དེ་དག་ལ་ད[༥]ཡོད་པ་མ་ཡིན་པར་
དགག་པར་བྱའོ།
འབའ་ཞིག་པའི་དངོས་པོས་ཀྱང་གཟུགས་ལས་[༦]རྡུལ་ཕྲ་རབ་
བཀར་ཏེ།
དེ་ཉིད་དང་གཞན་ཉིད་དང་། དེ་ལ་དེ་ད་ག་ཡོད་པ་དང་། དེ་
དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ།
རྡུལ་ཕྲ་རབ་དག་ཀྱང་ཕྱོགས་
ཀྱི་བྱེ་བྲག་གིས་ཆ་དྲུག་ཏུ་དབྱེ་བས་ཐ་དད་ལ།
ཆ་ཡང་ཕྱོགས་ཀྱི་བྱེ་བྲག་གིས[༧]
58---2о-2

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*