www.dharmabook.ru tibetan OCR



བལྟམས་[༡]པ་དང་། གཞོན་ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་
བཞུགས་པ་དང་།
མངོན་པར་འབྱུང་བ་ད་ང་། དཀའ་བ་སྤྱོད་པ་དང་།
བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་
རྫོགས་པར་བྱང་ཆུབ་པ་དང་།
ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།
ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་
དུ་སྟོན་པ་ཉིད་འབྱུང་ང་ངོ་།
དེ་ལ་བརྟེན་ནས་ཡི་གེ་དང་རྩ་བ་དང་ཚིག་གི་གོ་
རིམས་ཀྱི་[༢]མཚན་ཉིད་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ། སེམས་ཅན་
ཐམས་ཅད་ཀྱི་བསམ་པ་རངས་པར་མཛད་པ་གང་ལ་ཐེག་པ་མཆོག་གིས་འགྲོ་བ་
རྣམས་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བར་བརྗོད་པ་འབྱུང་སྟེ།
ཡེ་ཤེས་དང་།
གཟུགས་དང་། གསུང་གི་སྐུ་གསུམ་པོ་དེ་དག་ནི་སྡོམ་པ་གསུམ་ལས་ངེས་པར་
འཁྲུང་ས་པ།
ལུས་ད་ང་ངག་དང་སེམས་གནས་གྱུར་པའི་ངོ་བོ་ཉིད་ཡིན་ནོ་ཞེས་
བཤད་ད་དོ།
མདོ་སྡེ་ལས། གང་དག་ང་ལ་གཟུགས་སུ་མཐོང་། གང་དག་
ང་ལ་སྒྲར་ཤེས་པ།
ལོག་པར་སྤོང་བས་ཞུགས་པ་སྟེ། སྐྱེ་བོ་དེ་དག་ང་མི་
མཐོང་། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།
ཆོས་ཉིད་ཤེས་པར་བྱ་མིན་པས། དེ་ནི་རྣམ་པར་ཤེས་མི་ནུས། ཞེས་་་་
གསུང་ས་པ་དེས་ཀྱང་སྐུ་གསུམ་པོ་དེ་དག་ཀུན་
རྫོབ་དང་དོན་དམ་པར་རྣམ་པར་་
གཞག་[༢]པ་ཉིད་དུ་སྟོན་ཏེ།
འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུར་བཞེད་དོ[༤]། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་།
དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་
སྐུ་དང༐
གཟུགས་ཀྱི་སྐུ་དང་[༥]ཡེ་ཤེས་ཀྱི་སྐུར་བལྟ་བར་འདོད་པས་ཞེས་གསུངས་ཏེ།
དེར་ཆོས་ཀྱི་སྐུ་ཞེས་གསུངས་པ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་
པོ་དག་
ཡིན་པར་འདོད་དོ། འོ་ན་སྐྱབས་གཉིས་པ་མེད་པར་འགྱུར་རམ་ཞེ་ན།
58---318

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*