www.dharmabook.ru tibetan OCR



དུ་སངས་རྒྱས་ཀྱི་སྤྲུལ་པ་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་དུ་སྟོན་པ་ཉིད་
ཀྱིས་[༡]སྨོན་ལམ་ལ་དབང་བ་ཡིན་ནོ།
ཡེ་ཤེས་མིག་གིས་ཤེས་བྱ་ཡི[༢]། དེ་ཉིད་
ཐམས་ཅད་སྟོན་པར་བྱེད།
ཅེས་བྱ་བ་འདི་ནི་ཆོས་ཐམས་ཅད་རྣམ་པ་ཐམས་་
ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་
ཀུན་དུ་སྟོན་པ་ཉིད་ཀྱིས་ཡེ་ཤེས་ལ་་་་
དབང་བ་ཡིན་ནོ།
[༢]ཆོས་རྣམས་གཞག་[༤]པ་ཉིད་རྟོགས་ཤིང་། མིང་ལ་
སོགས་པ་ཐོབ་པ་ཉིད།
ཅེས་བྱ་བ་འདིས་ནི་མཐའ་དང་ད་བུས་མེད་པའི་ཆོས་ཀྱི་
སྒོ་སྣང་བ་ཀུན་དུ་སྟོན་པ་
ཉིད་ཀྱིས་[༥]ཆོས་ལ་དབང་བ་བསྟན་ཏོ།
དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་གཉིས་པ།
དེ་ནས་གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་མཐའ་ཡས་པ་ཅིག་
ཅར་དུ་སྟོན་པ་ནི་རྫུ་འཕྲུལ་ལ་དབང་བ་ཞེས་བརྗོད་དེ།
རྫུ་འཕྲུལ་རྣམ་པར་
འཕྲུལ་པ་
ཡིས[༦]། མཐའ་ཡས་ཞིང་དག་གཡོ་བར་བྱེད། གཡོ་བ་དག་[༧]ནི་
རབ་ཏུ་འགུལ་བ་སྟེ།
གླིང་ལ་སོགས་པ་བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པའི་སྟོང་་
གསུམ་གྱི་སྟོང་ཆེན་པོ་གྲངས་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་གཡོ་བའོ།

རྫུ་འཕྲུལ་རྣམ་པར་འཕྲུལ་པ་སྟེ། རྣམ་པར་བརྩེ་[༨]བ་དང་རྣམ་པར་རོལ་པ་ནི་
རྫུ་འཕྲུལ་གྱི་
རྐང་པ་ལེགས་པར་བསྒོམས་[༩]པའི་ཕྱིར་ར་རོ། འདི་ནི་ཚིགས་སུ་
བཅད་པ་ཕྱེད་ཀྱི་དོན་ཡིན་ན་ནོ།
དུས་གཅིག་གམ་ནི་རིམ་[༡༠]ཡང་རུང་། ལུས་
ལ་འབར་དང་འབེབས་པར་བྱེད།
དུས་མཉམ་དུ་སྟོད་ནས་འབར་བ་དང་།
སྨད་ནས་འབེབས་པར་བྱེད་པ་དང་། སྨད་ནས་འབར་བར་བྱེད་པ་དང་།
སྟོད་ནས་འབེབས་པར་[༡༧]བྱེད་པའ་མ། དུས་ཐ་དད་དུ་མེའི་ཕུང་པོ་ལྟར་འབར་
བ་ད་ང་།
སྤྲིན་གྱི་ཕུང་པོ་ཆེན་པོ་ལྟར་ཆར་འབེབས་པ་ཡང་ཐ་ད་ད་དུ་བྱེད་པའོ།
ཕྱོགས་ནི་མཐའ་ཡས་ཀུན་དུ་ཡང་། རང་གི་འོད་ཀྱིས་སྤྲོ་བར་བྱེད། ཤར་ལ་
58---331

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*