www.dharmabook.ru tibetan OCR



དཔལ་ཉིད་ཀྱིས་བརྒྱན་པར་གྱུར་པ། ཡིད་དང་མིག་འཕྲོག་པ། དཔེ་མེད་
པའི་སྐུ་གཞན་གྱི་གཟུགས་ཐམས་ཅད་ཀྱིས་མཛེས་པ།
ཟིལ་གྱིས་གནོན་པའི་ངང་
ཚུལ་ཅན་ཆོས་ཀྱི་སྐུའི་དབང་དང་སྔོན་གྱི་སྨོན་ལམ་ཉིད་ལས་བྱུང་བའོ།
འདིས་
ནི་གཟུགས་ཀྱི་སྐུ་དེ་དག་ལས་ཡང་དག་པར་བྱུང་བ་དེ་སྟོན་ཏེ།
དེ་ཡིས་རྣམ་པ་
དྲུག་ཅུ་ད་ང་།
ལྡན་པའི་གསུང་དང་ཆོ་འཕྲུལ་ད་ང་། བཅས་པས་ལྷ་དང་ལྷ་
མིན་མི།
ལ་སོགས་ཡིད་ནི་དགའ་བར་བྱེད། རྫུ་འཕྲུལ་ད་ང་། ཀུན་བརྗོད་་
པ་དང་།
རྗེས་སུ་བསྟན་པ་དང་། ལྡན་པ་ནི་ཆོ་འཕྲུལ་དང་བཅས་པ་སྟེ།
འདིའི་རྫུ་འཕྲུལ་ནི་ཁྱབ་པ་དང་། སྙན་པ་དང་། ཟབ་པ་ལ་སོགས་པའོ།
ཀུན་བརྗོད་པ་ནི་བུ་དང་། བུ་མོ་ལ་སོགས་པ་ཚེ་རིང་བ་ལ་སོགས་པ་སྟོན་པ་དང་།
དགེ་བ་དང་མི་ད་གེ་བ་ལས་འདི་དག་ལས་འགྲོ་བ་དྲུག་གི་[༡]སེམས་ཅན་རྣམས་བྱུང་
བར་གྱུར་ཏོ།
འབྱུང་བར་འགྱུར་རོ། དུས་འདི་སྲིད་དུ་་འཁོར་བར་གནས་
ནས་ཐར་པ་སྒྲུབ་པར་འགྱུར་
རོ་ཞེས་བྱ་བའོ། རྗེས་སུ་བསྟན་པ་ནི་ཡང་འདི་ནི་
ཆོས་སོ་འདི་ནི་ཆོས་མ་ཡིན་པའོ།
འདི་ལ་ནི་བསླབ་པར་བྱའོ། འདི་ལ་ནི་
བསླབ་པར་མི་བྱའོ།
ཆོས་འདི་དག་ནི་སྲིད་པ་སྒྲུབ་པར་བྱེད་པ་སྟེ། འདོད་
ཆགས་ལ་སོགས་པའོ།
ཆོས་འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ།
དྲན་པ་ཉེ་བར་གཞག་[༢]པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པའི་
ཆོ་འཕྲུལ་བསྟན་པ་རྒྱས་པར་རིག་པར་བྱའོ།
གསུང་ད་བྱངས་རྣམ་པ་དྲུག་ཅུ་
དང་བཅས་པ་ནི་གསུང་དབྱངས་རྣམ་པ་དྲུག་ཅུ་དང་ལྡན་པ་སྟེ།
རྣམ་པ་དྲུག་ཅུ་
ད་ང་ལྡན་པ་གང་དག་ཅེ་ན།
འདི་ལྟ་སྟེ། མཉེན་པ་ད་ང་། འཇམ་པ་དང་།
ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་
དང་།
འོད་གསལ་བ་ད་ང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་
གླ8---348

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*