www.dharmabook.ru tibetan OCR



འཛིན་གང་ལ་སྙོམས་པར་ཞུགས་ཤིང་གནས་ན་སེམས་ཅན་ཐམས་ཅད་ལྟ་བ་དང་།
སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལྟ་བར་བྱེད་པ་དང་། ཤེས་པར་གྱུར་
ནས་ཇི་ལྟར་འོས་པ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་ཁྱོད་་
མཉམ་པར་འཇོག་ནུས་སམ།
སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ན་ནོ། དེ་
ནས་ཡང་གནས་བརྟན་རབ་འབྱོར་གྱིས་འཇམ་ད་པལ་གཞོན་ནུར་གྱུར་པ་ལ་འདི་
སྐད་ཅེས་སྨྲས་སོ།
འཇམ་ད་པལ་ཡང་བྱང་ཆུབ་སེམས་དཔའ་འགའ་ཞིག་སེམས་
ཅན་གྱི་སྤྱོད་
པ་བརྒྱད་ཁྲི་བཞི་སྟོང་ཤེས་པ་དང་། སེམས་ཅན་གྱི་སྤྱོད་པ་བརྒྱད་
ཁྲི་བཞི་སྟོང་དང་
རྗེས་སུ་མཐུན་པར་ཆོས་སྟོན་པར་བྱེད་པ་འགའ་ཞིག་ཡོད་དད་མ།
འཇམ་ད་པལ་གྱིས་སྨྲས་པ། གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་ལ་ཞུས་
ཤིག
བཅོམ་ལྡན་འདས་ཀྱིས་སྟོན་པར་འགྱུར་ར་རོ། དེ་ནས་གནས་བརྟན་་
རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། བཅོམ་ལྡན་་
འད་ས་སེམས་ཅན་གྱི་སྤྱོད་
པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་འཚལ་ཞིང་།
སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་མཐུན་པར་ཆོས་སྟོན་པར་བགྱིད་པ་
འགའ་ཞིག་མཆིས་ལགས་སས་མ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་
མཉམ་པར་རྒྱས་པ་ཞེས་བྱ་བའི་ཏིང་ངེ་་
འཛིན་ཡོད་ད་དེ།
བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་
པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ནི་སེམས་ཅན་གྱི་སྤྱོད་པ་
བརྒྱད་ཁྲི་བཞི་སྟོང་ཡང་དག་པར་ཤེས་ཤིང་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་
བཞི་་་་
སྟོང་དང་མཐུན་པར་ཆོས་སྟོན་པར་
ཡང་བྱེད། ཉན་ཐོས་དང་། རང་སངས་
རྒྱས་ཀྱི་ས་མ་ཡིན་པ་ཐམས་ཅད་ཀྱང་ཤེས་པར་གྱུར་པ་ཡང་ཡོད་ད་དོ།
དེ་ནས་
གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འད་ས་ལ་འདི་སྐད་ཅེས་
གསོལ་ཏོ།
58---427

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*