www.dharmabook.ru tibetan OCR



བྱང་ཆུབ་ཀྱི་ས་བོན་རབ་ཏུ་འབྱུང་བ་ཡིན་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ན་ནོ།
ནམ་མཁའ་མཛོད་ཀྱི་སྨོན་ལམ་ལ་སོགས་པ་ཡང་ཚིག་ཙམ་མ་ཡིན་ཏེ་འབྲས་བུ་་་་་་་་
མཐོང་བའི་ཕྱིར་རོ།
ད་ལྟར་ཅིའི་ཕྱིར་མཐོང་བར་མ་གྱུར་ཅེ་ན། དགེ་བའི་་
རྩ་བས་[༡]དབུལ་བར་གྱུར་པའི་རྒྱུད་ལ་འབྲས་བུ་ཡོད་བཞིན་དུ་ཡང་བར་དུ་ཉམས་
པར་འགྱུར་བའམ།
ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ། གང་གཱའི་ཆུ་ཀླུང་་་་
སྐམས་པ་འམ།
རྣག་གམ། མེ་མར་མུར་དུ་མཐོང་བ་བཞིན་ཏེ། ཇི་ལྟར་ཆུ་
བོ་
གང་གཱའི་འགྲམ་ན་ཡི་དྭགས་བརྒྱ་སྟོང་མང་པོ་གནས་པ་རྣམས་བདག་ཉིད་ལ་་
སྐལ་
བ་མེད་པར་གྱུར་པའི་དབང་གིས་གང་གཱའི་ཆུ་ཀླུང་ཡོང་ས་སུ་སྐམས་པའམ།
རྣག་གམ་མེ་མར་མུར་དུ་འབར་བ་མཐོང་བ་བཞིན་ན་ནོ། དེ་བཞིན་དུ་བྱང་ཆུབ་
སེམས་དཔའི་སྨོན་ལམ་ལས་ཡོངས་སུ་བྱུང་
བའི་ནོར་གྱི་ཆར་ཕབ་པར་གྱུར་ཀྱང་་
དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་གྱི་ཁམས་རྣམས་ལ་འབབ་པར་མི་
འགྱུར་ཏེ།
ནམ་མཁའ་ཉིད་དུ་མེད་པར་འགྱུར་བའམ་ཐོག་ལ་སོགས་པའི་ངོ་་
བོར་གྱུར་ནས་འབབ་པར་འགྱུར་ཏེ།
ཇི་ལྟར་ཆུ་འཛིན་དང་བྲལ་བར་གྱུར་པའི་
ནམ་མཁའི་དཀྱིལ་དུ་
འོད་ཟེར་སྟོང་འགྱེད་པའི་ཉི་མ་ཤར་བར་གྱུར་ཀྱང་དམུས་་
ལོང་གིས་སྔོན་གྱི་[༢]ལས་ཀྱི་དབང་གིས་འོད་ཟེར་གཅིག་ཙམ་ཡང་མཐོང་བར་མི་་་
འགྱུར་བ་བཞིན་ནོ།
དེ་བཞིན་དུ་ནམ་མཁའི་དཀྱིལ་ནས་རིན་པོ་ཆེའི་ཕུང་པོ་་
འབབ་པར་གྱུར་ཀྱང་སྐྱེ་བོ་བསོད་ནམས་ཆུང་བ་དག་གི་སྔོན་གྱི་ལས་ཀྱི་[༢]ཉེས་པས་
ཅུང་
ཟད་ཅིག་ཀྱང་དེའི་ཉེ་བར་ལོངས་སྤྱོད་པར་འགྱུར་བ་མ་ཡིན་ན་ནོ། གལ་ཏེ་
རང་གི་[༤]མཐུ་ཉིད་ཀྱིས་འབྱོར་
པ་དང་རྒུད་པ་ད་ག་ཏུ་འགྱུར་བ་ཡིན་ན་ནི་དེ་ལྟ་ན་
ནི་བྱང་ཆུབ་སེམས་ད་པའི་སྨོན་ལམ་དག་ལ་ནུས་པ་མེད་པར་གྱུར་པ་ཡིན་ནོ་ཞེ་ན།

གཞན་ལ་ཕན་པ་འབྱུང་བ་ནི་ཚོགས་པ་ལས་བྱུང་[༥]བ་ཡིན་པའི་ཕྱིར་ནུས་པ་མེད་པ་
གླ་8---439

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*