www.dharmabook.ru tibetan OCR



ཐ་སྙད་འདོགས་པར་ཡང་མི་བྱེད། སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་
སྒོམ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་
པ་དང་།
དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་དྲུག་པ།
དེ་བཞིན་དུ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ཀླུའི་རྒྱལ་པོ་གང་
ཡང་བསྟན་པ་ཐམས་ཅད་ནི་མི་ཟད་པ་སྟེ།
འདི་ནི་མི་ཟད་པའི་ཟ་མ་ཏོག་ཅེས་
བྱ་བའི་གཟུངས་
ཡིན་ནོ། སོ་སོ་ཡང་དག་པར་རིག་པ་དང་། ཡེ་ཤེས་དང་།
ཤེས་རབ་དང་། སྤོབས་པ་བཞི་ཡང་མི་ཟད་པར་རྗེས་སུ་འབྱུང་བ་དང་། དེ་
བཞིན་དུ་ཤིན་ཏུ་རྟོགས་[༢]པར་ད་ཀའ་བ་དང་།
ངོམས་པ་མེད་པའི་བརྩོན་
འགྲུས་འབར་བ་ད་ང་།
མཐར་ཐུག་པ་མེད་པ་ད་ང་། མཐོང་བ་མེད་པ་དང་།
རྟོན་པ་མེད་པ་ད་ང་། དམོད་པ་མེད་པ་དང་། འཇིགས་པ་མེད་པ་བཞི་པོ་
རྣམས་ད་ང་།
སྙིང་པོ་དང་། ངེས་པར་འབྱེད་པ་དང་། སྣང་བ་དང་།
སྟོབས་ཀྱི་གཏེར་བཞི་འབྱུང་བ་ད་ང་། དེ་བཞིན་དུ་གང་ཡི་གེའི་ལུགས་ད་ང་།
མིང་དང་། བརྡ་ད་ང་། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པ་དེ་དག་ཐམས་ཅད་་
ཀྱང་མི་
ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་
དཔས་ཤེས་ཏེ།
འདི་ལྟ་སྟེ། ཆོས་ཐམས་ཅད་ནི་གདོད་མ་ནས་དག་པའོ་ཞེས་
བྱ་བ་ལ་སོགས་པ་དང་།
དེ་བཞིན་དུ་གཟུངས་སྔགས་འདི་ལ་གནས་པའི་བྱང་
ཆུབ་སེམས་དཔའ་ནི་ཡི་གེ་
ཁོ་ན་ལས་བྱང་ཆུབ་ཚོལ་[༢]བར་བྱེད། རྗེས་སུ་འཇུག་
པར་བྱེད་དེ།
ཡི་གེ་ནི་སྟོབས་ས་སོ། དགོད་པ་ནི་ལུས་ས་སོ། ཆོས་ཀྱི་སྒོ་ལ་
འཛུད་པའི་མགོ་བོ་བལྟ་བ་ནི་
དཔྲལ་བའོ། ཤེས་རབ་ནི་མིག་གོ་ཞེས་བྱ་བ་ལ་
སོགས༐
པས་བསྒོམ་[༤]པའི་རྩ་བ་ནི་ཤེས་རབ་ཡིན་ལ། ཤེས་རབ་ཡོད་པའི་ཕྱིར་
གཏི་མུག་མེད་པར་འགྱུར་ར་རོ། རྩ་བ་མེད་ན་འདོད་ཆགས་དང་ཞེ་སྡང་འབྱུང་
58---446

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*