www.dharmabook.ru tibetan OCR



སོགས་པའི་འབབ་སྟེགས་སུ་ཁྲུས་བྱས་པ་དང་། སྨྱུང་[༡]བར་གནས་པ་ལ་སོགས་
པའམ༑
གཞན་བསྟན་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་གང་གཱ་དང་།
སིནྡྷུ་དང་། པཀྵུ་ད་ང་། ཤཱི་[༢]ཏ་ཞེས་བྱ་བ་ཆུ་བོ་བཞི་རྣམས་ཀྱི་ཆུ་ལ་བཀྲུས་པ་
ད་ང་།
འཐུངས་པ་ད་ང་། དེའི་ནང་དུ་བཞུགས[༢]པ་དང་། དེའི་ནང་དུ་
གནས་པ་ལ་སོགས་པ་[༤]བྱང་ཆུབ་སེམས་ད་པའི་སྨོན་ལམ་གྱི་དབང་གིས་གསུངས་པ་
ཡིན་གྱི།
ཆུ་ལ་སྡིག་པ་ལ་སོགས་པ་ཟད་པར་བྱེད་པའི་ནུས་པ་ཡོད་པ་ནི་[༥]མ་
ཡིན་ཏེ།
འདི་ལྟར་མ་དྲོས་པའི་མདོ་ལས། ཀླུའི་རྒྱལ་པོ་མ་དྲོས་པས་ལས་དང་
སྐྱེ་བ་ལ་ད་བང་ཐོབ་པ་ཡོངས་སུ་བཟུང་ནས།
པ་ན་ས་ཞེས་བྱ་བའི་མཚེའུ་ཆེན་
པོའི་ནང་དུ་སྐྱེ་བ་བླངས་པར་གྱུར་ཏེ།
དེའི་སྨོན་ལམ་ནི་གང་སྲོག་ཆགས་གང་་
དང་[༦]གང་དག་གིས་བད་ག་གི་[༧]མཚེའུ་
འདི་ལས་འབབ་པར་གྱུར་པའི་ཆུ་ཀླུང་་
རྣམས་ལ༐
ཁྲུས་བྱས་[༨]པ་དང་། འཐུངས་པ་ད་ང་། ཞུགས་ནས་གནས་པར་
བྱེད་པ་དེ་རྣམས་ལ།
དེ་ད་ག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་ལ། དེ་
དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར་གྱུར་
ཅིག་ཅེས་གསུངས་པ་ཡིན་པས།
དེ་དག་ཉིད་དགེ་བའི་བཤེས་གཉེན་གྱིས་ཡོངས་
སུ་བཟུང་ནས་སངས་རྒྱས་སུ་འགྱུར་བ་ལ་འགལ་བ་ཡོད་པ་མ་ཡིན་ན་ནོ།
སྨྱུང་[༩]
བ་ལ་སོགས་པ་ཡང་རིག་སྔགས་སྤྱོད་པའི་ལུས་ལ་སོགས་པ་ཡོངས་སུ་སྦྱང་ས་ནས།

རིག་སྔགས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི་[༡༠]གྲོལ་བར་འདོད་པའི་ཕྱིར་
ནི་
མ་ཡིན་ནོ། ཅི་ལྟར་དེ་ལམ་གཞན་ཡིན། དེས་ན་གཏན་ཚིགས་ཀྱི་དོན་མ་
གྲུབ་པ་ཉིད་ཀྱི་སྐྱོན་བཟློག་པར་དཀའ་བ་ཡིན་ན་ནོ།
དེ་ལྟར་ནི་བདེན་ན་ཡང་
ཐེག་པ་ཆེན་པོར་ལམ་དེ་དག་ཉིད་བསྟན་ཀྱང་འབྲས་བུ་མེད་པ་ཡིན་ཏེ།
སྡུག་
བསྔལ་ཤེས་པས་མྱ་ངན་ལས་མི་
འདའ་བས། སྡུག་བསྔལ་ལ་སོགས་པའི་བདེན་
58---4ཅ་9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*