www.dharmabook.ru tibetan OCR



བསྟན་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱང་འདི་ལྟར་མ་གྲུབ་པ་ཡིན་ཏེ། ཇི་
ལྟ་[༡]ཞེ་ན།
ཡང་དག་ལྟ་བ་སྔོན་འགྲོ་བའི། ཇི་ལྟར་འབྱུང་བའི་ལམ་འདི་ཉིད།
ཐེག་ཆེན་དུ་ཡང་ཉེར་བསྟན་པས། དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། ཡང་
ད་ག་པའི་ལྟ་བ་ལ་སོགས་པའི་རྣམ་པ
འི་མཚན་ཉིད་ཇི་ལྟ་བ་ཉིད་ཀྱིས་[༢]ཀུན་རྫོབ་ཏུ་
བསྒོམ་པར་བྱ་བ་ཡིན་ལ།
དེ་ཁོ་ན་ཉིད་རྟོགས་པའི་དུས་སུ་ནི་མཐོང་བ་མེད་པ་
ལ་སོགས་པའི་རྣམ་པར་བསྒོམ་པར་བྱ་བ་ཡིན་པས་དེས་ན་ཐེག་པ་ཆེན་པོ་འདིར་་
བསྒོམ་པ་བྱེ་བྲག་ཏུ་བསྟན་པ་ཡིན་གྱི།
ཡང་ལམ་གཞན་ནི་མ་ཡིན་པས་དེའི་ཕྱིར་
ལམ་
གཞན་ཉེ་བར་བསྟན་པས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་མ་གྲུབ་པ་
ཡིན་ནོ།
དེ་ལྟ་བས་ན། བདེན་པ་གཉིས་ལ་ཉེར་བརྟེན་ན་ནས། སངས་རྒྱས་
རྣམས་ཀྱི་ཆོས་བསྟན་ཏེ།
འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དོན་ད་མ་་
ཉིད་ཀྱི་བདེན་པའོ།
བཅོམ་ལྡན་འདས་ཀྱིས་[༢]རྩོམ་པ་ནི་འཇིག་རྟེན་ལ་ཕན༐པ་
ཡིན་[༤]པའི་ཕྱིར་ཡིན་
པས་དེ་ཁོ་ན་ཉིད་མཆོག་ཏུ་འཛིན་པར་མི་མཛད་ཀྱི་མི་མཐུན་
པའི་ཕྱོགས་ཉོན་མོངས་པ་ད་ང་བྲལ་བ་དང་རྗེས་སུ་མཐུན་པ་ཉིད་དང་།
སེམས་
ཅན་གཡེང་བའི་བསམ་པ་ཅན་ལ་ལྟོས་ནས་དོན་ཁ་ཅིག་ཡང་དག་པ་[༥]མ་ཡིན་དུ་
ཟིན་ཀྱང་དོན་དམ་པ་ཉིད་དུ་རྣམ་པར་བྱང་
བ་དང་རྗེས་སུ་མཐུན་པར་[༦]སྟོན་པར་
མཛད་དེ། ཇི་[༧]ལྟ་བུ་ཞེ་ན། གསུངས་པ། ད་གེ་སློང་རྣམས་ཁྱེད་རྣམས་ཀྱིས་[༨]
འདི་ལྟར་བུད་མེད་མ་དང་འདྲ་བར་མཐོང་ན་ནི་མའི་འདུ་ཤེས་བསྐྱེད་པར་བྱའོ།

དེ་བཞིན་དུ་སྲིང་མོ་དང་འདྲ་བའི་བུད་མེད་དམ་བུ་མོ་དང་འདྲ་བའི་བུད་མེད་
མཐོང་བ་ན་བུ་མོའི་འདུ་ཤེས་ཉེ་བར་གཞག་[༩]
པར་བྱའོ་ཞེས་བྱ་བ་ད་ང་དེ་བཞིན་དུ་
སེམས་ཅན་རྫུས་[༡༧]ཏེ་སྐྱེ་བ་
ཡོད་དོ་ཞེས་བྱ་བ་དང་། གང་ཟག་གཅིག་འཇིག་རྟེན་
དུ་བྱུང་བར་གྱུར་ཅིང་བྱུང་ན་ཞེས་བྱ་བ་དང་།
སེམས་ཅན་ཐམས་ཅད་ནི་ཟས་
གླ8---468

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*