www.dharmabook.ru tibetan OCR



ཞེས་བྱ་བ་ནི་ཆོས་ཅན་ཡིན་ལ། དེ་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ་ཞེས་བྱ་
བ་ནི་དེའི་
ཆོས་ཏེ། ཆོས་ཅན་དང་ཆོས་བསྡུས་པ་ནི་ཕྱོགས་ཡིན་ན་ནོ། དེ་སྣང་
ཉིད་དུ་མི་འགྱུར་ཕྱིར།
ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེ་སྣང་ཉིད་དུ་ཞེས་
བྱ་བ་ནི་ཡུལ་གྱི་དངོས་པོ་ཉིད་དུ་སྣང་བ་ཞེས་བྱ་བའི་ཐ་ཚིག་ག་གོ།
དེ་སྣང་བ་
ཉིད་དུ་མི་འགྱུར།
ཞེས་བྱ་བ་ནི་དེ་བློ་ལ། སྣང་བ་ཉིད་དུ་མི་འགྱུར་ཞིང་།
ཡུལ་གྱི་དངོས་པོ་ཉིད་དུ་མི་འགྱུར་བ་སྟེ། གཏན་ཚིགས་ཀྱི་དོན་གྱི་ཕྱིར་ཞེས་བྱ་་
བ་སྨོས་ས་སོ།
ད་བང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། ཞེས་བྱ་བ་ནི་ད་པེ་སྟེ།
དབང་པོ་ཞེས་བྱ་བ་ནི་དབང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱི་ངོ་བོ་ཉིད་ཡུལ་ཁ་
དོག་གཟུགས་དང་བ་ཉིད་དུ་ཡོད་པ་ཡིན་
ཡང་དེ་སྣང་བ་ཉིད་དུ་མི་འགྱུར་བའི་ཕྱིར།
དཔེར་ན་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་གཟུགས་
ཀྱི་བློའི་སྤྱོད་ཡུལ་མ་ཡིན་ན་ནོ།
ཕྲ་རབ་གཟུགས་ནི་དུ་མ་སྟེ། སེམས་ཀྱི་སྤྱོད་་་་
ཡུལ་ཡིན་མི་འདོད།
རྫས་སུ་ཡོད་པ་མ་ཡིན་ཕྱིར། དཔེར་ན་ཟླ་བ་གཉིས་་་་
བཞིན་ན་ནོ།
ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་དུ་མ་དེ་དག་འདུས་པ་དེ་ཡང་
སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་འདོད་ད་དེ།
ཅིའི་ཕྱིར་ཞེ་ན། རྫས་སུ་ཡོད་པ་
མ་ཡིན་པའི་ཕྱིར་རོ།
འདི་ལྟར་རྡུལ་ཕྲ་རབ་ཀྱི་གཟུགས་འབའ་ཞིག་པ་[༢]ནི་རྫས་
སུ་འདོད་ལ།
དེ་དག་འདུས་པ་ནི་ད་མག་[༢]དང་ནགས་ཚལ་ལ་སོགས་པ་བཞིན་
དུ་རྫས་སུ་ཡོད་པ་མ་ཡིན་པས་
དེ་སྣང་བར་འགྱུར་དུ་ཟིན་ཀྱང་སེམས་ཀྱི་སྤྱོད་ཡུལ་
ཡིན་པར་མི་རིགས་ཏེ།
དཔེར་ན་རབ་རིབ་ཅན་གྱི་མིག་སྐྱོན་གྱིས་ཉམས་པས་
ཟླ་བ་གཉིས་[༥]ལ་སོགས་པ་ཡང་དག་པ་མ་ཡིན་པར་མཐོང་བ་བཞིན་
ནོ[༦]།
འདིར་བཤད་པ། དེ་ལ་གལ་ཏེ་ཕ་རོལ་པོ། བསགས་པ་མེད་[༧]པའི་གཟུགས་
སེམས་ཀྱི།
སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། དེར་ནི་གྲུབ་པ་ཉིད་སྒྲུབ་[༢]
གླ་
8---ཏྲ་09

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*