www.dharmabook.ru tibetan OCR



པར་བརྟགས་[༡]ནས། གཟུགས་ཞེས་མངོན་པར་བརྗོད་པ་ལ་ལྟོས་པ་དང་བཅས་
ར་སྐྱེའི། མངོན་པར་བརྗོད་པ་མེད་པར་མི་སྐྱེ་བས། དེའི་ཕྱིར་གཟུགས་ལ་
སོགས་པའི་ངོ་བོ་ཉིད་ནི་སྟོང་ལ།
མངོན་པར་བརྗོད་པ་ཙམ་ལ་ནི་གཟུགས་ལ་
སོགས་པ་ཞེས་བྱའོ་ཞེ་ན།
འདིར་བཤད་པ། གཟུགས་ནི་གཟུགས་ཀྱི་[༢]ངོ་བོས་
སྟོང་། གཟུགས་ཞེས་བརྗོད་ལ་ལྟོས་བཅས་པ་ར། གཟུགས་བློ་སྐྱེ་བར་འགྱུར་
ཕྱིར་ཞེས།
བརྟགས་[༢]པར་བཟོད་པར་མི་འགྱུར་ར་རོ། ཅིའི་ཕྱིར་ཞེ་ན། སྨྲ་
མི་ཤེས་པའི་དུད་འགྲོ་དག་ལ་ཡང་ཟས་ལ་སོགས་པའི་བློ་སྐྱེ་བར་མཐོང་བའི་ཕྱིར་ར་རོ།

གཞན་ཡང་། གཟུགས་ནི་སྟོང་ཉིད་མི་རིགས་ཏེ། གཟུགས་མིན་བད་ག་ཉིད་
རྣམ་བཅས་པའི།
དངོས་པོར་སྣང་བློ་སྤྱོད་ཡུལ་གྱི། གཟུགས་ཀྱི་བདག་ཉིད་
དེ་ཡོད་ཕྱིར།
ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་ལ་གཟུགས་ཞེས་བྱ་ཞིང་།
གཟུགས་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཅེས་བྱ་བར་མི་རིགས་ཏེ། ཅིའི་་་་
ཕྱིར་ཞེ་ན།
གཟུགས་མ་ཡིན་པའི་བདག་ཉིད་རྣམ་པར་བཅད་པའི་དངོས་པོར་
སྣང་བའི་བློའི་སྤྱོད་ཡུལ་གྱི་གཟུགས་ཀྱི་བདག་ཉིད་དེ་ཡོད་པའི་ཕྱིར་ར་རོ།
དེ་ལ་
གཟུགས་མ་ཡིན་ཞེས་བྱ་བ་ནི་གཟུགས་ལས་གཞན་པ་སྟེ།
སྒྲ་དང་དྲི་ད་ང་རོ་ད་ང་
རེག་པ་ད་ག་གོ།
གཟུགས་མ་ཡིན་པའི་བདག་ཉིད་ཅེས་བྱ་བ་ནི་གཟུགས་མ་ཡིན་
པ་དེ་ད་ག་གི་བདག་ཉིད་དེ།
རྣ་བ་ལ་སོགས་པའི་ཡུལ་ཟིན་པ་ད་ང་ཟིན་པ་མ་
ཡིན་པ་དག་[༤]ལ་སོགས་པ་དག་ག་གོ།
རྣམ་པར་བཅད་པའི་ཞེས་བྱ་བ་ནི་གཟུགས་
མ་ཡིན་པའི་བདག་ཉིད་དེ་དག་ལས་རྣམ་པར་བཅད་པ་སྟེ།
མཚན་ཉིད་ཐ་ད་ད་
པའོ༑
དེའི་ད་ངོས་པོ་ཞེས་བྱ་བ་ནི་མིག་གི་ཡུལ་ཏེ། ཁ་དོག་ད་ང་[༢]ད་བྱིབས་
ཀྱི་བད་ག་ཉིད་ད་དོ།
དེར་སྣང་བ་ཞེས་བྱ་བ་ནི་དེའི་རྣམ་པར་སྣང་བའོ།
བློའི་ཞེས་བྱ་བ་ནི་དེར་སྣང་བའི་བློ་དེའིའི་འོ། སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ཏེ།
གླ་8---524

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*