www.dharmabook.ru tibetan OCR



པས་དེ་གཉིས་ནི་གཞི་མཐུན་པ་དང་ལྡན་པ་ཉིད་མ་ཡིན་གྱི[༡]ི། འདི་ལ་ནི་སྔོན་
པོ་ད་ང་ཨུཏྤལ་ཞེས་བྱ་
བ་གཉིས་རྫས་ཀྱི་དོན་གཅིག་ལ་འཇུག་པའི་ཕྱིར་དིས་ན་གཞི་
མཐུན་པ་དང་ལྡན་པ་ཉིད་ཡིན་ནོ།
དེ་བཞིན་དུ་གཟུགས་མ་ཡིན་པའི་བད་ག་
ཉིད་རྣམ་པར་བཅད་པ་ནི་གཟུགས་ལ་སོགས་པའི་སྤྱི་ཡིན་ནོ་ཞེས་བྱ་བར་བསམས་
དངོས་པོ་སྣང་བའི་བློའི་རྒྱུ་ཡིན་པའི་ཕྱིར་ར་རོ། དེའི་ཕྱིར་དེ་ལྟར་རིགས་
མི་མཐུན་པ
ས་སྟོང་པ་ཉིད་ནི་སྤྱི་ཡིན་པར་གྲུབ་[༢]བོ། གཞན་སེལ་བ་ནི་སྤྱི་ཉིད་
ཡིན་པར་མི་འཐད་པ་ཁོ་ན་སྟེ།
ཇི་ལྟ[༢]་ཞེ་ན། གཞན་སེལ་གཞན་གྱི་སྤྱི་མ་ཡིན།
ཆོས་གཞན་ཡིན་ཕྱིར་ཁྱད་པར་བ་ཞི་ན། ལྐོག་ཤལ་ལ་སོགས་བློ་དབྱེ་མེད་།
མེད་ལ་ཁྱད་པར་མེད་ཕྱིར་ར་རོ། ཞེས་བྱ་བ་ལ་གཞན་སེལ་བ་ཞེས་བྱ་བ་ནི་གཞན་
ད་ག་གིས་སེལ་བར་བྱེད་ཅིང་ཐ་ད་ད་པར་[༤]བྱེད་པ་སྟེ།
རྟ་ལ་སོགས་པ་གཞན་
དག་གིས་[༥]བ་ལང་ཉིད་སེལ་བ་བཞིན་ན་ནོ།
དེ་ནི་གཞན་གྱི་སྤྱི་མ་ཡིན་ན་ནོ།
ཅིའི་ཕྱིར་ཞེ་ན། ཆོས་གཞན་ཡིན་པའི་ཕྱིར་ར་རོ། དཔེར་ན་ཇི་ལྟ་བུ་ཞེ་ན།
ཁྱད་པར་བཞིན་ཏེ། དཔེར་ན་བ་ལང་གི་རྭ་ལ་སོགས་པའི་ཁྱད་པར་གཞན་གྱིས་
རྟའི་རྔོག་མ་ལ་སོགས་པའི་ཁྱད་པར་སེལ་བར་བྱེད་ཀྱང་དེ་དག་དེའི་སྤྱི་མ་ཡིན་པ་
དེ་བཞིན་དུ་བ་ལང་མ་ཡིན་པ་རྟ་ལ་སོགས་པ་གཞན་དག་གིས་བ་ལང་ཉིད་སེལ་་་་་
བར་བྱེད་ཀྱང་།
དེ་ད་ག་བ་ལང་གི་སྤྱི་མ་ཡིན་ན་ནོ། གཞན་སེལ་བ་དེ་ལྐོག་ཤལ་
དང་།
མཇུག་མ་དང་། ནོག་དང་། རྨིག་པ་ལ་སོགས་པ་དག་ལ་བློ་ཐ་དད་
པར་དབྱེ་བ་མེད་པར་ཡང་འགྱུར་ཏེ།
ཅིའི་ཕྱིར་ཞེ་ན། གཞན་སེལ་བ་ནི་ངོ་
བོ་ཉིད་མེད་པ་ཡིན་པས་མེད་པ་ལ་ནི་ཁྱད་པར་མེད་པའི༐
ཕྱིར་རོ[༦]། མེད་བ་ཁོ་
འི་ཕྱིར། དངོས་མ་བཟུང་བར་དེར་འཛིན་ཕྱིར། བརྟག་བྱ་བརྗོད་མིན་
ཡིན་མི་
འདོད་། ཅེས་བྱ་བ་ནི་འདི་ལྟར་གལ་ཏེ་གཞན་སེལ་བའི་བདག་ཉིད་སྤྱི་
གླ་8---ཏྲ་2о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*